e-texts navigator
Collection
Volume
Page
Wylie

277a1 བཅས་པས་ནི། ཤིན་ཏུ་བྱམས་པར་བྱས་པ་ཡིན་ནོ། །ལྷ་སྦྱིན་ནི། དུར་སྨྲིག་འཆང་བ་ཙམ་དུ་ཟད་པ་ཡང་མ་ཡིན་ནོ། །ལྷ་སྦྱིན་ནི། མུ་གེའི་མགོ་བྱིའང་མ
277a2 ཡིན་ནོ|་|ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ནོ། །ལྷ་སྦྱིན་ནི། སྡིག་པ་ལ་ངེས་པའང་མ་ཡིན་ནོ། །ལྷ་སྦྱིན་ནི། སྡིག་པ་འདོད་པའང་མ་ཡིན
277a3 ནོ|་|ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི། དེ་བཞིན་གཤེགས་པའི་ཐབས་ཀྱི་དགེ་སློང་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། རྟག་ཏུའང་མངོན་པར་ཤེས་པ་རྣམས
277a4 ཀྱིས་སེམས་ཅན་དམྱལ་བ་ན་རྩེ་བར་བྱེད་དེ། འདི་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡིན་པར་བདག་ལྟའོ། །ལྷ་སྦྱིན་ནི། སེམས་ཅན་དམྱལ་བར་འགྲོ་བ་ཡང་མ་ཡིན་ནོ། །བྲམ་ཟེ
277a5 ཆེན་པོ|་གཞན་ཡང་ལྟོས་དང་། དཔེར་ན། ཡུལ་གཞན་གྱི་འགྲོན་པ་མི་གཉིས་ཤིག་གྲོང་ཁྱེར་གཞན་ཞིག་ན་འདུག་པ་ལས་ཕྱིར་རང་རང་གི་ཡུལ་དུ་འགྲོ་བར་ཆས་ཏེ། གཅིག་ནི། ནུབ
277a6 ཕྱོགས་སུ་སོང་། གཅིག་ནི། ཤར་ཕྱོགས་སུ་སོང་ན། ཇི་ཙམ་དུ་སོང་བ་དེ་ཙམ་དུ་གྲོང་ཁྱེར་དང་ཤིན་ཏུ་རིང་བར་འགྱུར་རོ། །ཇི་ཙམ་དུ་སོང་བ་དེ་ཙམ་དུ་མི་དེ་གཉིས་ཕྱིར་ཕྲད་པར་འགྱུར
277a7 བ་དེ་ནི|་གནས་མེད་དོ། །བྲམ་ཟེ་ཆེན་པོ། དེ་བཞིན་དུ་དེ་བཞིན་གཤེགས་པ་དང་། ལྷ་སྦྱིན་གཉིས་ཀྱང་གལ་ཏེ་ཐབས་ཅིག་མ་ཡིན་དུ་ཟིན་ན་ཁྱད་ཆེ་བར་མངོན་ནོ། །བྲམ་ཟེ་ཆེན་པོ།




iiif viewer powered by OpenSeadragon

276b - 277b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo