e-texts navigator
Collection
Volume
Page
Wylie

274a1 ཡོངས་སུ་གཅད་པའི་ཕྱིར་ཁྱིམ་གྱི་ནང་དུའང་ཁྱིམ་བདག་ཏུ་བཀུར་བར་འགྱུར་རོ། །རྒྱལ་རིགས་ཀྱི་ཆོས་ལུགས་རབ་ཏུ་གནས་པར་བྱ་བའི་ཕྱིར་རྒྱལ་རིགས
274a2 ཀྱི་ནང་དུའང་རྒྱལ་རིགས་སུ་བཀུར་བར་འགྱུར་རོ། །ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་གཞོམ་པའི་ཕྱིར་བྲམ་ཟེའི་ནང་དུའང་བྲམ་ཟེར་བཀུར་བར་འགྱུར་རོ། །བྱ་བ་ཐམས་ཅད
274a3 དང་། ཆོས་ལུགས་ཐམས་ཅད་ལ་གཟུད་པར་བྱ་བའི་ཕྱིར་བློན་པོ་ཆེན་པོའི་ནང་དུའང་བློན་པོ་ཆེན་པོར་བཀུར་བར་འགྱུར་རོ། །རྒྱལ་སྲིད་དང་། ལོངས་སྤྱོད་དང་། དབང་ཕྱུག་ལས
274a4 རྣམ་པར་བཟློག་པའི་ཕྱིར་གཞོན་ནུའི་ནང་དུའང་གཞོན་ནུར་བཀུར་བར་འགྱུར་རོ། །བུད་མེད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་དག་ཏུའང་སྲུང་མ་ཉུང་རུམ་དུ་བཀུར
274a5 བར་འགྱུར་རོ། །བསོད་ནམས་ཀྱི་ཁྱད་པར་ལ་ལྷག་པར་དམིགས་པར་བྱ་བའི་ཕྱིར་སྐྱེ་བོ་ཕལ་པ་རྣམས་དང་ཡང་མཐུན་པར་འཇུག་གོ་།དབང་ཕྱུག་གི་ཉེས་དམིགས་བསྟན་པའི་ཕྱིར
274a6 བརྒྱ་བྱིན་གྱི་ནང་དུའང་བརྒྱ་བྱིན་དུ་བཀུར་བར་འགྱུར་རོ། །ཡེ་ཤེས་ཀྱི་ཁྱད་པར་བསྟན་པའི་ཕྱིར་ཚངས་པའི་ནང་དུའང་ཚངས་པར་བཀུར་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་དུ
274a7 འོང་བར་བྱ་བའི་ཕྱིར་ཟླ་བར་ཡང་འགྱུར་རོ། །སེམས་ཅན་གྱི་སྡིག་པའི་ཉེས་པའི་ཁ་བ་མང་པ་བཞུ་བའི་ཕྱིར་ཉི་མར་ཡང་འགྱུར་རོ། །སེམས་ཅན་ཐམས་ཅད་ཚུལ་སྲུང་དུ་གཞུག་པའི




iiif viewer powered by OpenSeadragon

273b - 274b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo