| | e-texts navigator
|
273a1 བྱ་བའི་ཕྱིར་བཞི་མདོ་དང་། སུམ་མདོ་ཐམས་ཅད་དུའང་སྣང་ངོ་། །འདོད་པའི་ཉེས་པ་བསྟན་པའི་ཕྱིར་སྨད་ཚོང་མའི་གནས་ཐམས་ཅད་དུའང་འཇུག་གོ་།
273a2 དྲན་པ་ལ་ཡང་དག་པར་དགོད་པའི་ཕྱིར་མི་གསལ་བ་དང་། གླེན་པའི་གནས་ཐམས་ཅད་དུའང་འཇུག་པར་བྱེད་དོ། །སེམས་ཅན་ཡན་ལག་མ་ཚང་བ་ཐམས་ཅད་སྐྱོ་བ་ལ
273a3 དགོད་པའི་ཕྱིར་ཡན་ལག་ཐམས་ཅད་མ་ཚང་བར་ཡང་སྟོན་པར་བྱེད་དོ། །འཁོར་བ་ལ་སྐྱོ་བ་བསྐྱེད་པའི་ཕྱིར་ཁམས་བཞི་དང་ལྡན་པར་ཡང་བྱེད་དོ། །ལེ་ལོ་ཅན་དང་། དྲན
273a4 པ་ཉམས་པ་རྣམས་དང་། རྒྱགས་པ་དང་། མྱོས་པ་རྣམས་དང་། བརྩོན་འགྲུས་དང་། བསམ་གཏན་དང་། སྐྱོ་བ་ལ་དགོད་པའི་ཕྱིར་ནད་བཞི་བརྒྱ་རྩ་བཞི་དང་ལྡན་པར་ཡང
273a5 སྟོན་ཏོ|་|བཟོད་པ་ལ་དགོད་པའི་ཕྱིར་གནོད་སེམས་ཅན་ལྟ་བུར་ཡང་འགྱུར་རོ། །རྟག་པའི་འདུ་ཤེས་ཅན་གྱི་སེམས་ཅན་རྣམས་ལ་རྟག་པའི་ཉེས་པ་ཡང་དག་པར་བསྟན་པའི
273a6 ཕྱིར་བསྐལ་པ་ཐམས་ཅད་དུའང་འབྱུང་ངོ་། །ཁྱེའུ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡི་གེ་སློབ་པའི་གྲཝ་ཁང་ཐམས་ཅད་དུ་འགྲོ་བར་བྱེད་དོ། །བུ་མོ་དག་ཡོངས་སུ་སྨིན་པར་བྱ་བའི
273a7 ཕྱིར་གླུ་དབྱངས་ཀྱི་ཁང་པ་ཐམས་ཅད་དུའང་འགྲོ་བར་བྱེད་དོ། །འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་རྒན་པོ་དང་། ཐོར་བུ་དང་། བར་མ་རྣམས་ཀྱི་གྲོགས་ཀྱང་བྱེད་དོ། །སེམས་ཅན་ཡོངས
iiif viewer powered by OpenSeadragon
272b - 273b