e-texts navigator
Collection
Volume
Page
Wylie

272a1 བ་ལ་གནས་པར་ཡང་མི་འགྱུར་རོ། །གཞོན་ནུ་ལ་དད་པའི་སེམས་ཅན་རྣམས་ཀྱི་ལྟ་བ་གཅད་པའི་ཕྱིར་གཞོན་ནུའི་གནས་རྣམས་སུ་ནི། གཞོན་ནུའི་གཟུགས
272a2 ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །ཀ་ཏྱཱའི་བུའི་སྡིག་པ་དང་། འཚེ་བ་མི་ཟད་པ་ལ་དད་པའི་སེམས་ཅན་རྣམས་ཀྱི་ལྟ་བ་གཅོད་པ་དང་། སྲོག་གཅོད་པ་བཟློག
272a3 པའི་ཕྱིར་ཀ་ཏྱཱའི་བུའི་གནས་རྣམས་སུ་ནི། ཀ་ཏྱཱའི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །སེམས་ཅན་རྣམས་སྡིག་པ་ལས་བཟློག་པའི་ཕྱིར་འབྱུང་པོའི
272a4 གནས་རྣམས་སུ་ནི། འབྱུང་པོའི་གཟུགས་ལྟ་བུར་སྣང་ཞིང་ལྟ་བ་ཅན་ཐམས་ཅད་ཀྱི་ལྷའི་གནས་དང་། ལྟད་མོ་ཅན་དང་། དགེ་མཚན་ལྟ་བུའི་གནས་རྣམས་སུ་ལྟ་བ་ཅན་གྱི་གཟུགས་ལྟ
272a5 བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །ཤ་ཟ་བ་དང་གསོད་པ་ལས་བཟློག་པའི་ཕྱིར་ཕག་ཚོང་པའི་གནས་སུ་བགེགས་ཀྱི་མཚན་མའི་ཚུལ་སྟོན་ཅིང་ཤ་ཚོང་པ་ལྟ་བུར་ཡང
272a6 སྣང་ངོ་། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རིགས་ཀྱིས་ཆང་ཚོང་པའི་ནང་དུ་ཆང་འཐུང་བ་ལྟ་བུར་ཡང་སྣང་ཞིང་ཆང་གི་ཉེས་དམིགས་ཡང་དག་པར་བསྟན་པའི་ཕྱིར་རིགས
272a7 ཀྱི་གཙོ་བོར་ལྟ་བུར་འགྱུར་ཞིང་སེམས་ཅན་རྣམས་ལ་ཆང་གི་སྦྱིན་པ་བྱེད་དེ། ཆང་ལ་ཆགས་པར་ཡང་མི་འགྱུར་རོ། །དེ་བཞིན་དུ་ལས་ཆེན་པོ་བཅུ་དྲུག་གི་ཉེས་དམིགས་ཡང་དག་པར




iiif viewer powered by OpenSeadragon

271b - 272b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo