e-texts navigator
Collection
Volume
Page
Wylie

269b1 འ་དས་ལ་མཆོད་པ་ཆེན་པོའི་ལས་བྱས་ནས་བཅོམ་ལྡན་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཏ་ལ་བདུན་སྲིད་ཙམ་དུ་བར་སྣང་ལ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ
269b2 ཏོ|་|བཅོམ་ལྡན་འདས། མདོ་སྡེ་དག་ལ་དུ་ཞིག་མཆིས། །ཏིང་འཛིན་རྣམས་ཀྱང་དུ་ཞིག་མཆིས། །གཟུངས་ཀྱི་ལམ་དག་དུ་ཞིག་མཆིས། །གསང་ལ་འཇུག་པ་དུ་ཞིག་མཆིས། །བཅོམ་ལྡན་འདས།
269b3 ད་ལྟར་བཞུགས་པའི་སངས་རྒྱས་དུ། །མ་བྱོན་པ་ནི་དུ་ཞིག་བཞུགས། །འདས་པའི་སངས་རྒྱས་དུ་ཙམ་ཞིག་།སངས་རྒྱས་སྤྱོད་ཡུལ་ཇི་སྙེད་མཆིས། །འཇིག་རྟེན་ཁམས་ནི་དུ་ཞིག་མཆིས། །གསུང
269b4 བར་འཚལ་ལོ་གཽ་ཏ་མ། །སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར་པ། །གཽ་ཏ་མ་ལ་བདག་ཞུ་ན། །སེམས་ཅན་ཀུན་ལ་སྨན་སླད་དུ། །རྐང་གཉིས་གཙོ་བོས་བཤད་དུ་གསོལ། །དེ་ནས་སངས་རྒྱས་ཀྱི་མཐུས
269b5 ལྷའི་བུ་བློ་གྲོས་མི་ཟད་པའི་སྙིང་པོ་ཞེས་བྱ་བས་བློ་གྲོས་མྱུར་ལྡན་ཞེས་བྱ་བ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། ཚངས་པ་ཆེན་པོ་ལེགས་སོ་ལེགས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཞུ་བའི
269b6 རྒྱལ་པོ་ལེགས་པར་ཞུས། །འཇིགས་མེད་འདི་ནི་རིགས་པ་ཡིན། །དྲིས་པའི་དོན་ནི་རིམ་བཞིན་དུ། །མིག་ཡངས་རབ་ཏུ་བཤད་པར་བྱའི། །གཡེང་བ་མེད་པའི་སེམས་ཀྱིས་སུ། །ཚངས་ཆེན
269b7 ཁྱོད་ཀྱིས་མཉན་པར་གྱིས། །མདོ་སྡེ་རྣམས་ནི་རེ་རེ་ལ། །གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །བསྒྱུར་བའི་དོན་ནི་མང་ཡོད་ཅེས། །ཆོས་གསུང་བས་ནི་ངེས་པར་བསྟན། །གཟུངས་ཀྱི་འབབ་ཆུའི་མིང




iiif viewer powered by OpenSeadragon

269a - 270a

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo