| | e-texts navigator
|
247b1 ཅ་ཧུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་མི་ཟད་པའི་གཏེར་རིན་པོ་ཆེའི་ཡན་ལག་གི་སྒོ་གང་ཡིན་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན
247b2 གྱི་རྒྱ་མཚོར་ཡང་འགྱུར་རོ། །ཏིང་ངེ་འཛིན་ཡང་དག་པར་གསོག་པར་ཡང་འགྱུར་རོ། །ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ། །ཐོས་པ་ཡང་དག་པར་གསོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར
247b3 རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་དེ། ཐེ་ཚོམ་ཟ་བར་ཡང་མི་འགྱུར་རོ། །མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ། །སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད
247b4 ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ། །འཇིག་རྟེན་དང་མཐུན་པར
247b5 འཇུག་པའི་ཡུལ་ཤེས་པར་ཡང་འགྱུར་རོ། །དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་དྲི་མ་མེད་པའི་འོད་ཀྱི་ཕྲེང་བ་ཅན་ཞེས་བྱ་བ་ལྷའི་བུ་ས་ཡ་དང་བརྒྱད་འབུམ་དང་ལྷན་ཅིག་ཏུ་སྟན
247b6 ལ་ཨས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ཀྱི་ཞབས
247b7 ལ་མགོ་བོས་ཕྱག་བཙལ་ནས་ལྷའི་མེ་ཏོག་དང་། ཙནྡན་གྱི་ཕྱེ་མས་བསྒོས་པ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ཏེ། རང་རང་གི་བླ་གོས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ
iiif viewer powered by OpenSeadragon
247a - 248a