| | e-texts navigator
|
223b1 བྱའོ|་|གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ། །ཤིན་ཏུ་དགའ་བའང་བསྐྱེད་པར་བྱའོ། །དེ་ལ་མངོན་པར་བརྩོན་པར་ཡང་བྱའོ། །སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལས་རྣམ་པར་ཐར་བ་བསམ
223b2 གྱིས་མི་ཁྱབ་པ་ལ་གནས་པ། རིན་པོ་ཆེའི་མཛོད་ཀྱི་འབྱུང་གནས། ཆོས་ཀྱི་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་རྒྱས་པར་ཉོན་ཅིག་།སྤྲིན་ཆེན་སྙིང་པོ། སྤྲིན་ཆེན
223b3 པོའི་མདོ་ལས་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། ཏིང་ངེ་འཛིན་གྱི་རྒྱ
223b4 མཚོར་ཡང་འགྱུར་རོ། །ཏིང་ངེ་འཛིན་ཡང་དག་པར་གསོག་པར་ཡང་འགྱུར་རོ། །ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ། །ཐོས་པ་ཡང་དག་པར་གསོག་པར་ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར
223b5 རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་པའི་ཐེ་ཚོམ་ལ་བར་མི་འགྱུར་རོ། །མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ། །ཚེ་རབས་དྲན་པར་ཡང་འགྱུར་རོ། །འཁོར་བའི་ལས
223b6 ཀྱི་ཞིང་གི་རྒྱ་མཚོ་ལ་སྲེད་པར་ཡང་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཐ་མ་རྨི་ལམ་ལ་ཡང་སངས་རྒྱས་མཐོང་བ་དང་འབྲལ་བར་ཡང་མི་འགྱུར་རོ། །དེ་དག་གི་དགེ་བའི་ཆོས་རྣམས་ལ་བར་ཆད་བྱ་བའི
223b7 ཕྱིར་བདུད་སྡིག་ཅན་གླགས་ལྟ་བ་དང་སྐབས་ཚོལ་བས་གླགས་རྙེད་པར་ཡང་མི་འགྱུར་རོ། །ང་རྒྱལ་ཆོམ་པར་ཡང་འགྱུར་རོ། །གཟུངས་ཐོབ་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ལྡེམ་པོ་དག
iiif viewer powered by OpenSeadragon
223a - 224a