e-texts navigator
Collection
Volume
Page
Wylie

222b1 པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །དམ་པའི་ཆོས་བསྟན་པ་སྤྲིན་ཆེན་པོའི་མདོའི་ཚིག་སྨོས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས
222b2 པས་གསུངས་པ་ནི། ཨ་ལ་ལ་ངོ་མཚར་སྨད་དུ་བྱུང་བ་ལགས་སོ། །བཅོམ་ལྡན་འདས། ཨ་ལ་ལ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་སྟེ། ཆོ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ
222b3 པ་སེམས་ཅན་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་ལགས་སོ། །སྤྲིན་ཆེན་པོའི་མདོ་བཤད་པ་ན་སྤྲིན་ཆེན་པོའི་ཚོགས་ཀྱིས་རིན་པོ་ཆེ་ཐམས་ཅད་དང་། བཅུད་ཐམས་ཅད་ཀྱིས་རྒྱས་པའི་ཆར
222b4 གྱི་རྒྱུན་གྱི་ཚོགས་བདུད་རྩིའི་སྒྲ་ལས་བྱུང་བ་རྣམས་ཀྱིས་བདུད་རྩིའི་ཆར་ཆེན་པོ་རབ་ཏུ་ཕབ་བོ། ། ལ་ལ་དེ་བཞིན་གཤེགས་པ་ནི། བསམ་གྱིས་མི་ཁྱབ་སྟེ། ཡུལ་བསམ་གྱིས་མི་ཁྱབ་པའི
222b5 མདོ་ཤིན་ཏུ་ལེགས་པར་གསུངས་སོ། ། ལ་ལ་སེམས་ཅན་ཐམས་ཅད་ནི། བསོད་ནམས་བགྱིས་པ་ལགས་སོ། ། ལ་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ནི། བསམ་གྱིས་མི་ཁྱབ་སྟེ།
222b6 སེམས་ཅན་རྣམས་ལྷའི་བདེ་བའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་ལ་ཡོངས་སུ་སྤྱོད་དོ། །དེ་རིང་སེམས་ཅན་ཐམས་ཅད་ལྷ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་གྱུར་ཏོ། །སྤྲིན་ཆེན་པོའི་མདོའི་གཏེར
222b7 སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་གྱུར་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བརྟན




iiif viewer powered by OpenSeadragon

222a - 223a

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo