e-texts navigator
Collection
Volume
Page
Wylie

221a1 ནི་སྟོན་པ་མཛད། །སེམས་ཅན་ཐམས་ཅད་ཡིད་བདེ་རབ་དུལ་ཞིང་། །སེམས་ཀྱང་རབ་དགའ་མཉམ་པར་བྱམས་པར་སེམས། །གཅིག་ལ་གཅིག་ནི་ནོངས་པ་བཤགས་ནས
221a2 ཀྱང་། །མ་དང་བུ་བཞིན་ཆོས་ནི་ཉན་པར་བགྱིད། །སེམས་ཅན་ཀུན་ཀྱང་བདག་ཉིད་གཙོར་བགྱིས་ནས། །དེ་རིང་བདག་གི་རང་བཞིན་བསམ་དགོངས་སྙམ། །བདག་ལ་ཐུགས་བརྩེས་བདག་གི་སྟན
221a3 བཞུགས་ནས། །མི་མཆོག་དུལ་བའི་ཁ་སྒྱུར་ཆོས་སྟོན་སྙམ། །དེ་རིང་ལྷ་ཁྱོད་གདན་གཅིག་སྟེང་བཞུགས་ནས། །དམ་ཆོས་སྤྲིན་གྱི་མདོ་མཆོག་བསྟན་པར་མཛད། །དེ་རིང་ཆོས་ཚོགས་མང་ལ་བྱིན
221a4 གྱིས་རློབས། །སྐུ་ཡང་མང་ཞིང་གཟུགས་མང་བའི། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །སྟན་རྣམས་ཀུན་ལ་བཞུགས་ནས་ཀྱང་། །ཁྱོད་ནི་ཆོས་འདི་སྟོན་པར་མཛད། །ལྷ་ཡི་ལྷ་ལ་བདག་དང
221a5 ནས|་|བདག་ཅག་དེ་རིང་སྐྱབས་སུ་མཆི། །ཁང་པར་གནས་པའི་ལྷ་ཀུན་ནི། །ཀྱེ་མ་མི་རྟག་མི་བརྟན་ནོ། །སྐྱབས་མི་མཆིས་ཤིང་མགོན་མ་མཆིས། །བསོད་ནམས་ཆུང་ཞིང་སྡིག་པར་བཅས། །ཀླུ
221a6 རྣམས་རྒྱ་མཚོར་འདུ་བ་ལྟར། །ལྷ་རྣམས་ཐམས་ཅད་ཁྱོད་ལ་བརྟེན། །སྐྱབས་མེད་རྣམས་ཀྱི་སྐྱབས་ལགས་ཏེ། །དེ་བས་ཐུབ་ཆེན་རྟག་པ་ལགས། །མགོན་མེད་རྣམས་ཀྱི་མགོན་ཡང་ཁྱོད། །གཉེན
221a7 མེད་རྣམས་ལ་རབ་གཉེན་པ། །བརྟན་པའི་གནས་ན་བཞུགས་པ་སྟེ། །དེ་བས་མི་གཡོ་བརྟན་པ་ལགས། །ཀུན་གྱི་རྟེན་ཆེན་གྱུར་པ་སྟེ། །སྨན་པ་ཐེར་ཟུག་བདག་ཉིད་ཆེ། །ནད་ཀྱིས་ཐེབས་པའི་སེམས




iiif viewer powered by OpenSeadragon

220b - 221b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo