e-texts navigator
Collection
Volume
Page
Wylie

220a1 དང་། །གོར་ཤི་ཤ་དང་ཙནྡན་དམར། །ལྷ་རི་ཙནྡན་དུ་མ་དང་། །ཤིང་ལྗོན་ཚོགས་ཀྱིས་འོད་མའི་ཚལ། །དེ་རིང་སྣང་ཞིང་མཆིས་པར་བགྱིས། །སྐྱེད་མོས་ཚལ་དང
220a2 ནགས་ཚལ་དང་། །རྫིང་བུ་མཚོ་མང་དག་ན་ཡང་། །དུས་ཚིགས་ཀུན་གྱི་ཨུཏྤལ་ཚོགས། །མེ་ཏོག་རྒྱས་པས་འོད་མའི་ཚལ། །དེ་རིང་སྣང་ཞིང་མཆིས་པར་བགྱིས། །རིན་ཆེན་ཀུན་གྱི་ཤིང་ལྗོན
220a3 དང་། །རིན་ཆེན་འཁྲི་ཞིང་ཡོངས་སུ་འཁྲི། །རིན་ཆེན་ཀུན་གྱི་ཨུཏྤལ་གྱི། །མེ་ཏོག་ཚོགས་རྣམས་དེ་རིང་མཛེས། །སངས་རྒྱས་མཐུས་ནི་དེ་རིང་དུ། །འདི་ལྟར་ཉི་ཟླའི་དཀྱིལ་འཁོར་དག། འཇིག
220a4 རྟེན་ཁམས་ནི་མང་པོར་ཡང་། །དཀོན་པའི་ལས་མང་བགྱིས་པ་གདའ། །འཇིག་རྟེན་ཁམས་ནི་མང་པོ་དག་།མེ་ལོང་གི་ནི་དཀྱིལ་འཁོར་ལྟར། །སེམས་ཅན་བྱེ་བ་མང་པོ་ཡི། །འདི་ན་མཆིས
220a5 བཞིན་གསལ་བར་མཐོང་། །ངང་པ་ཁྲུང་ཁྲུང་ངུར་བར་བཅས། །ཤང་ཤང་ཏེའུ་ནི་མང་པོ་དང་། །ཀ་རནྟ་བ་རྨ་བྱ་དང་། །དེ་བཞིན་ཁུ་བྱུག་ཀུན་ལ། །བུང་བ་མཐའ་ཡས་བུང་བུང་སྒྲོག་།རྒྱལ
220a6 པོའི་ཁབ་ཏུ་དེ་རིང་ནི། །བྱ་རྣམས་རྣམ་པ་དུ་མ་དག་།སྐད་སྙན་འབྱིན་ཅིང་སྒྲོག་པར་བགྱིད། །ནག་པ་དང་ནི་ལྗང་ཁུའི་མདོག་།མདོག་སྡུག་དང་ནི་སྔོ་བ་དང་། །པདྨ་དཀར་པོའི་མདོག་ཅན་གྱི། །
220a7 ངང་མཆོག་གླང་ཆེན་སེངྒེ་རྣམས། །སེངྒེའི་སྒྲ་ནི་སྒྲོག་བགྱིད་ཅིང་། །རྒྱལ་པོའི་ཁབ་ནི་དེ་རིང་མཛེས། །འཛམ་གླིང་ཡུལ་འཁོར་བཅས་པ་དང་། །ལུང་བར་བཅས་དང་ཚོང་རྡལ་བཅས། །འབྱོར་རྒྱས




iiif viewer powered by OpenSeadragon

219b - 220b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo