e-texts navigator
Collection
Volume
Page
Wylie

217b1 མ་བྱུང་བའི་བདེ་བ་ཐམས་ཅད་ཉམས་སུ་མྱོང་ངོ་། །སྔོན་ཆད་ཡེ་མ་བྱུང་བའི་རོ་ཞིམ་པོ་ཐམས་ཅད་མྱོང་ངོ་། །སྦལ་པ་དང་། དུད་འགྲོར་སྐྱེས་པ་ཐམས་ཅད་ཀྱང་སྔོན་ཆད་ཡེ་མ་བྱུང་བའི་སྐད་མངོན་པར
217b2 འབྱིན་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་ཁབ་དང་། བྱ་རྒོད་ཀྱི་ཕུང་པོའི་རི་དང་བཅས་པ་དང་། ཚོང་རྡལ་དང་། ལུང་པའི་མདོ་དང་བཅས་པ་རྣམས་དང་། ཛམྦུའི་གླིང་དང་བཅས་པར་རིན་པོ་ཆེ་ཐམས་ཅད་ཀྱི
217b3 ས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་སྐུད་པས་ཁེབས་ཏེ་ལེགས་པར་བརྒྱན་པར་གྱུར་ཏོ། །རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་དང་། རིན་པོ་ཆེའི་འཁྲི་ཤིང་ཐམས་ཅད་ཕན་ཚུན་འཁྲི་ཤིང་སེམས་ཅན
217b4 ཐམས་ཅད་ཀྱི་ཡིད་དུ་འཐད་པའི་སྒྲ་རབ་ཏུ་སྒྲོག་སྟེ་ཕན་ཚུན་འཁྲོལ་བར་བྱེད་དོ། །རིན་པོ་ཆེ་ཐམས་ཅད་ཀྱི་ཨུཏྤལ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོ་རྣམས་ཀྱང་ཟླ་བ་དང་། ཉི་མའི་གཟི་བརྗིད་ཀྱི་འོད
217b5 རྣམས་ཀྱིས་ཕྱེ་བ་ལྟར་རྒྱས་པར་གྱུར་ཏོ། །དཔེ་མེད་པའི་སྤོས་མང་པོས་བསྒོས་ཤིང་མེ་ཏོག་གིས་གང་སྟེ་མངོན་པར་ཁེབས་པར་གྱུར་པའི་ས་གཞི་ལ་མི་མ་ཡིན་པ་རྣམས་འཆག་པར་གྱུར་ཏོ། །ཛམྦུའི
217b6 གླིང་འདི་ན་གནས་པའི་འཁོར་ཆེན་པོ་དེ་དང་། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མེ་ལོང་གི་ངོས་ལ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་མཐོང་ངོ་། །དེ་ནས་དེའི་ཚེ་དུད་འགྲོའི
217b7 སྐྱེ་གནས་སུ་སྐྱེས་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་འདོད་པའི་སེམས་དང་། ཐེག་པ་ཆེན་པོས་སྐོམ་པའི་སེམས་དང་། ཐེག་པ་ཆེན་པོ་ལ་དད་པའི་སེམས་དང་། གཅིག་ལ་གཅིག་མ་དང་། སྲིང་མོ་དང་། བུ




iiif viewer powered by OpenSeadragon

217a - 218a

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo