| | e-texts navigator
|
205a1 དུའང་མ་ཡིན། ཞིང་མ་ཡིན་པར་ཡང་མ་ཡིན། དུས་ཀྱང་མ་ཡིན། དུས་མ་ཡིན་པར་ཡང་མ་ཡིན། སྤྱད་པར་བྱ་བའང་མ་ཡིན། སྤྱད་པར་མི་བྱ་བའང་མ་ཡིན།
205a2 གཙང་བའང་མ་ཡིན། མི་གཙང་བའང་མ་ཡིན། བྱས་པའང་མ་ཡིན། མ་བྱས་པའང་མ་ཡིན། སྐྱེས་པའང་མ་ཡིན། འགག་པའང་མ་ཡིན། ཞི་བ། རབ་ཏུ་ཞི་བ། ཉེ་བར་ཞི་བ་སྟེ། ཁམས
205a3 ཀྱང་མ་ཡིན། ཕུང་པོའང་མ་ཡིན། སྐྱེ་མཆེད་ཀྱང་མ་ཡིན། ཁམས་ཀྱིས་བསྐྱེད་པའང་མ་ཡིན། ཕུང་པོས་བསྐྱེད་པའང་མ་ཡིན། སྐྱེ་མཆེད་ཀྱིས་བསྐྱེད་པའང་མ་ཡིན། ཉོན་མོངས་པའི་རྒྱུ་ལས
205a4 བྱུང་བའང་མ་ཡིན། ལས་ཀྱི་རྒྱུ་ལས་བྱུང་བའང་མ་ཡིན། བསགས་པའང་མ་ཡིན། མ་བསགས་པའང་མ་ཡིན། འཆི་འཕོ་མེད་པར་འཆི་འཕོ་བ། མུ་མེད་པ། འགྲོ་བ་མེད་པར་འགྲོ
205a5 བ|་དཔུང་གཉེན་དུ་གྱུར་པ། ཕྱི་མའི་མཐའ་མེད་པ། འཕོ་བ་མེད་པ། དེ་ལྟར་གྱི་དུས་ན་མི་གནས་པའི་རང་བཞིན་ཅན། གཟུགས་མེད་པ། ཚོར་བ་མེད་པ། འདུ་ཤེས་མེད་པ། འདུ་བྱེད
205a6 མེད་པ|་རྣམ་པར་ཤེས་པ་མེད་པའི་དེ་བཞིན་ཉིད་ཀྱི་རང་བཞིན་མི་ཟད་པ། ཟད་པར་བྱར་མི་རུང་བ། ཟད་པ་དང་བྲལ་བ་དང་མི་མཉམ་པ། མི་མཉམ་པ་དང་མཉམ་པ། རྣམ་པར་ཤེས་པ་མ་ཡིན
205a7 པ|་ཁམས་བཞི་ལས་ཡང་དག་པར་འདས་པ། ཆོས་ཐམས་ཅད་ལ་མ་ཆགས་པའི་མཐར་ཕྱིན་པ། ཡང་དག་པའི་མཐའ་མེད་པ་དེ་བཞིན་ཉིད་དང་མཉམ་པ་སྟེ། དེ་ལྟར་དེ་བཞིན་གཤེགས
iiif viewer powered by OpenSeadragon
204b - 205b