| | e-texts navigator
|
204b1 པར་མི་འགྱུར་བའང་མ་ཡིན། ཚུ་རོལ་ནའང་མ་ཡིན། ཕ་རོལ་ནའང་མ་ཡིན། བར་ནའང་མ་ཡིན། ཐོག་མའང་མ་ཡིན། ཐོག་མ་མེད་པ་ནའང་མ་ཡིན། འདི་ནའང་མ་ཡིན། གཞན་ནའང་མ་ཡིན། རྟག
204b2 པའང་མ་ཡིན། མི་རྟག་པའང་མ་ཡིན། ཚད་མར་བྱ་བའང་མ་ཡིན། ཚད་མར་མི་བྱ་བའང་མ་ཡིན། མཚན་མོའང་མ་ཡིན། མཚན་མོ་མ་ཡིན་པའང་མ་ཡིན། ཆུང་དུའང་མ་ཡིན། ཆུང་དུ་མ་ཡིན
204b3 པའང་མ་ཡིན། ཡང་པའང་མ་ཡིན། ཡང་བ་མ་ཡིན་པའང་མ་ཡིན། རྣམ་པར་ཤེས་པར་བྱ་བའང་མ་ཡིན། རྣམ་པར་ཤེས་པར་མི་བྱ་བའང་མ་ཡིན། རྣམ་པར་ཤེས་པས་ཤེས་པར་བྱ་བའང་མ་ཡིན།
204b4 རྣམ་པར་ཤེས་པས་ཤེས་པར་མི་བྱ་བའང་མ་ཡིན། མི་གནས་པའང་མ་ཡིན། མི་གནས་པ་མ་ཡིན་པའང་མ་ཡིན། མུན་པའང་མ་ཡིན། སྣང་བའང་མ་ཡིན། མིང་ཡང་མ་ཡིན། མཚན་མའང་མ
204b5 ཡིན|་མཐུ་ཆུད་བའང་མ་ཡིན། སྟོབས་དང་ལྡན་པའང་མ་ཡིན། ཡུལ་ན་གནས་པའང་མ་ཡིན། ཕྱོགས་ན་གནས་པའང་མ་ཡིན། དགེ་བའང་མ་ཡིན། མི་དགེ་བའང་མ་ཡིན། འདུས་བྱས་ཀྱང་མ
204b6 ཡིན|་འདུས་མ་བྱས་ཀྱང་མ་ཡིན། གཞིག་ན་ཡོད་དོ། །ཞེས་བརྗོད་དུ་རུང་བའང་མ་ཡིན། སྦྱིན་པར་ཡང་མ་ཡིན། ལེན་པར་ཡང་མ་ཡིན། ཚིག་ཏུ་བརྗོད་དུ་རུང་བའང་མ་ཡིན། ཚིག་ཏུ་བརྗོད་དུ་མི་རུང
204b7 བའང་མ་ཡིན། བདེན་པར་ཡང་མ་ཡིན། བརྫུན་པར་ཡང་མ་ཡིན། ཡང་དག་པ་ཉིད་དུའང་མ་ཡིན། ལྟ་བར་ཡང་མ་ཡིན། ངེས་པར་འབྱུང་བར་ཡང་མ་ཡིན། ངེས་པར་མི་འབྱུང་བར་ཡང་མ་ཡིན། ཞིང
iiif viewer powered by OpenSeadragon
204a - 205a