e-texts navigator
Collection
Volume
Page
Wylie

204a1 སྦྱང་བར་བྱ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བས་བཅིངས་པ་ལས་དགྲོལ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་།
204a2 ལྷ་མ་ཡིན་པའི་ལྟ་བའི་ནད་གཞི་སྐྱུག་པ་དང་། བཀྲུ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བའི་དུག་གིས་སྐྲངས་པ་གཏོར་བའི་དོན་དང་། མི་རྟག་པ་དང་། འོས
204a3 མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བའི་དུག་གིས་རྣམ་པ་འདྲེས་པའི་མིག་གི་ཤ་འཛེར་གཅད་པའི་དོན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དུས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག
204a4 པའི་གནས་དང་། སྤྱོད་ཡུལ་དང་། གདུང་དང་། མཚོན་དང་། ཞིང་དང་། དེ་ཁོ་ན་ཉིད་མཁྱེན་པ་དང་། རོ་དང་། ཁ་ཟས་ཞིམ་པོ་དང་། བདེ་བར་བྱེད་པའི་བསྙེན་བཀུར་བ་དང་། ཆེ་བ་ལ་འོས་པའི
204a5 མལ་སྟན་བདེ་བ་དང་། བཏུང་བ་དང་། ཁྲུས་དང་། སྒོས་དང་། མེ་ཏོག་ཕྲེང་དང་། ཕྱེ་མས་བསྒོ་བ་དང་། བདུག་པ་དང་། གོས་ཀྱི་མཆོག་ཕྲ་ཞིང་ཤིན་ཏུ་ཕྲ་བ་དང་། རབ་ཏུ་མཛེས་པ་ཡང་དག
204a6 པར་བསྟན་པའི་དོན་དང་། དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་སྐུ་ཡིན་པར་ཡང་དག་པར་བསྟན་པའི་དོན་དུ་ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་པ་ནིའང་ལེགས་སོ། །དེ་བཞིན་གཤེགས་པའི
204a7 སྐུ་དེའང་ཤིན་ཏུ་ཟབ་པའི་མཚན་ཏེ། མཚན་ཉིད་གཅིག་པའང་མ་ཡིན། མཚན་གྱི་གཞི་མེད་པའང་མ་ཡིན། མཚན་གྱི་གཞི་མངོན་པའང་མ་ཡིན། རྟོགས་པར་འགྱུར་བའང་མ་ཡིན། རྟོགས




iiif viewer powered by OpenSeadragon

203b - 204b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo