e-texts navigator
Collection
Volume
Page
Wylie

195b1 ག་ནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་འབྲུག་སྒྲ་ཆེན་པོ་བཞིན་དུ་སྒྲོག་ཅིང་སྐད་བྱུང་ནས་བཅོམ་ལྡན་འདས་ལ
195b2 སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བྱ་རྒོད་ཀྱི་ཕུང་པོའི་རིའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །དེ་བཞིན་དུ་གཅན་གཟན་དང་རི་དྭགས་ཐམས་ཅད་ཀྱི་བར་དག་གིས་བྱ་རྒོད་ཀྱི་ཕུང
195b3 པོའི་རིའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་ཤ་སྦྲང་དང་། སྦྲང་བུ་དང་། ཆུ་སྲིན་དང་། ཉ་དང་། རུས་སྦལ་དང་། སྡིག་པ་དང་། སྲིན་གྱི་མེ་དང་། བར་སུ་མི་ཀ་དང་། ཙུན་ཙུ་ཀ་དང་། ས་རི་ཀ་དང་། སྲོག
195b4 ཆགས་གདུག་པའི་རིགས་རྣམས་ཀྱིས་དུག་རྣམ་པར་སྤངས་ནས་དུག་གི་རང་བཞིན་དང་བྲལ་བར་གྱུར་ཏེ་འཁོད་དོ། །ཡང་དེའི་ཚེ་སྦྲུལ་དང་། མྱུར་དུ་གདུག་པ་དང་། སྦྲུལ་གཟི་གུ་དང་། ཆུ་སྦྲུལ་དང་།
195b5 གདུག་པ་མི་བཟད་པ་ཆེན་པོའི་རིགས་རྣམས་ཀྱིས་དུག་རྣམ་པར་སྤངས་ནས་དུག་གི་རང་བཞིན་དང་བྲལ་བར་གྱུར་ཏེ་འཁོད་དོ། །ཡང་དེའི་ཚེ་ནད་བཞི་བརྒྱ་རྩ་བཞིས་ཐེབས་པའི་སེམས་ཅན་གང་སུའང་རུང
195b6 བ་དག་དང་། ཡི་དྭགས་སུ་གྱུར་པ་གང་ཡིན་པ་དག་དང་། སེམས་ཅན་དམྱལ་བའི་སྐྱེ་གནས་སུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ཟས་དང་སྐོམ་གྱིས་ཚིམ་པར་གྱུར་ཏེ་བདེ་བ་དང་བསིལ་བའི་རླུང་གི
195b7 ཕོག་ནས་གཉིད་འོང་ཞིང་མངོན་པར་རྩེ་བར་གྱུར་ཏོ། །ཡང་དེའི་ཚེ་ལས་མི་ཟད་པ་རྣམ་པ་བཅུ་དྲུག་གིས་འཚོ་བའི་སེམས་ཅན་རྣམས་ཀྱི་ལས་མི་ཟད་པའི་རང་བཞིན་བཏང་ནས་དེ་དག་ཐམས་ཅད་ཀྱང་ཟས




iiif viewer powered by OpenSeadragon

195a - 196a

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo