e-texts navigator
Collection
Volume
Page
Wylie

195a1 ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་རྔ་དང་། རྔ་བོ་ཆེ་དང་། ཅང་ཏེའུ་དང་། དུང་དང་། ལྕགས་ཀྱི་སིལ་ཁྲོལ་དང་། ཧིན་ཌི་མ་དང་། འཁར་རྔ་དང་། རྫ་རྔ་ཆེན་པོ་དང་།
195a2 བལ་བི་ས་དང་། པི་ཝང་དང་། རྫ་རྔ་ཁ་གཅིག་པ་དང་། དྲིལ་བུ་དང་། གླིང་བུ་དང་། ཤུ་ཀ་དང་། ཀ་ན་ལ་ལ་སོགས་པ་མ་བརྡུངས། མ་བཅོས། མེ་བླངས་པར་སིལ་སྙན་གྱི་སྒྲ་དང་། ཡིད་དུ་འོང་བའི
195a3 སྒྲ་བྱུང་ངོ་། །ཡང་དེའི་ཚེ་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་ནགས་རྣམས་དུས་མ་ཡིན་པར་མེ་ཏོག་རྒྱས་ཤིང་། དུས་མ་ཡིན་པར་འབྲས་བུ་དང་། ལྕུག་ཕྲན་དང་། དོག་པ་རྣམ་པ་སྣ་ཚོགས
195a4 རབ་ཏུ་རྒྱས་པས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཤིན་ཏུ་བཀྲམ་མོ། །ཡང་དེའི་ཚེ་གངས་ཀྱི་རི་ལ་གནས་པའི་སེངྒེའི་རྒྱལ་པོ་རིན་ཆེན་པདྨ་ཞེས་བྱ་བ་སེངྒེའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེམ
195a5 རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་གཅན་གཟན་དང་། རི་དྭགས་ཐམས
195a6 ཅད་ལ་བདེ་བའི་སྒྲ་སེངྒེའི་སྐད་འབྱིན་ཅིང་འཆག་ལ་ཤིན་ཏུ་རྩེ་སྟེ། བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བྱ་རྒོད་ཀྱི་ཕུང་པོའི་རིའི་ཕྱོགས
195a7 གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་སྤོས་ཀྱི་གླང་པོའི་རྒྱལ་པོ་རི་བོ་དང་སྤྲིན་ལྟ་བུ་ཞེས་བྱ་བ་དང་། སྤོས་ཀྱི་གླང་པོའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི




iiif viewer powered by OpenSeadragon

194b - 195b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo