e-texts navigator
Collection
Volume
Page
Wylie

194a1 བ་ཨུང་བའི་མདོག་འདྲ་བའི་ཁུ་བྱུག་གི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འོད་མའི་ཚལ་བྱ་ཀ་ལནྟ
194a2 ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་གངས་ཀྱི་རི་ལ་གནས་པའི་བྱ་ཀ་ལ་པིངྐའི་རྒྱལ་པོ་པདྨའི་འདབ་མ་འདྲ་བའི་མིག་ཅེས་བྱ་བ་བྱ་ཀ་ལ་པིངྐའི་རྒྱལ་པོ་འབུམ་ཕྲག་དུ་མ
194a3 ད་ཨང་ལྷན་ཅིག་ཏུ་ཕྱེམ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ་བཅོམ་ལྡན་འདས
194a4 ཀ་ཡི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཡིད་དུ་འོང་བའི་སྒྲ་ཕྱུང་སྟེ་ཀ་ལ་པིངྐའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འོད
194a5 མའི་ཚལ་བྱ་ཀ་ལནྟ་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་བྱའི་རྒྱལ་པོ་ཤང་ཤང་ཏེའུ་ཞེས་བྱ་བ་བྱའི་རྒྱལ་པོ་ཤང་ཤང་ཏེའུ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེམ་རེད
194a6 ཀ་ཡི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ
194a7 ན་ཨས་ཡིད་དུ་འོང་བའི་སྒྲ་ཕྱུང་སྟེ་ཤང་ཤང་ཏེའུའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འོད་མའི་ཚལ་བྱ་ཀ་ལནྟ་ཀ་གནས




iiif viewer powered by OpenSeadragon

193b - 194b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo