| | e-texts navigator
|
191a1 ལྡན་འདས་ཉིད་ཀྱི་ཕྱིར་འབྲང་བ། བྱམས་པའི་སེམས་སྒོམ་པ་དེ་དག་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས
191a2 ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་བཙུན་མོ་ཕྲེང་ལྡན་མ་ལ་སོགས་པ་ཆུན་མའི་འཁོར་དང་། བཙུན་མོ་ཁྲི་དྲུག་སྟོང་དང་།
191a3 གཞན་ཡང་རང་གི་བློན་པོ་ཆེན་པོའི་བཙུན་མོ་འབུམ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ
191a4 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་དགེ་བསྙེན་མ་ས་ག་དགེ་བསྙེན་མ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང
191a5 ར་ཨང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ
191a6 བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ལྷའི་བུ་དབང་ཕྱུག་ཆེན་པོ་ལྷའི་བུ་རྫུ་འཕྲུལ་དང་སྣང་བ་ཆེན་པོ་དང་ལྡན་པ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ
191a7 ར་ཨང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར
iiif viewer powered by OpenSeadragon
190b - 191b