e-texts navigator
Collection
Volume
Page
Wylie

184a1 བཞིན་དགའ་ཞེས་བྱ་བ་དང་། ལྷའི་བུ་ཡིད་འཕྲོག་ཅེས་བྱ་བ་དང་། ལྷའི་བུ་བཻ་ཌཱུཪྱའི་འོད་ཅེས་བྱ་བ་དང་། ལྷའི་བུ་བཻ་ཌཱུཪྱ་ལྟར་འོད་སྣང་བ་ཞེས་བྱ་བ་དང་། ལྷའི
184a2 བུ་སྐར་མ་ལ་དགའ་བ་ཞེས་བྱ་བ་དང་། ལྷའི་བུ་འབྲལ་བ་ཟླ་གམ་ལྟར་འདུག་པ་ཞེས་བྱ་བ་དང་། ལྷའི་བུ་ངེས་པར་སྒྲ་སྒྲོག་ཟབ་མོ་ཞེས་བྱ་བ་དང་། ལྷའི་བུ་ཉོན་མོངས་པ་རྣམ་པར
184a3 འཇོམས་པ་ཞེས་བྱ་བ་དང་། ལྷའི་བུ་བརྒྱ་བྱིན་དགའ་བ་ཞེས་བྱ་བ་དང་། ལྷའི་བུ་གཞོན་ནུ་ཡིད་དུ་འོང་བ་ཞེས་བྱ་བ་དང་། ལྷའི་བུ་མནྡཱ་ར་བ་བརྩེགས་པ་ཞེས་བྱ་བ་དང་། ལྷའི
184a4 བུ་མགོ་ལ་འཁྲི་ཤིང་ཐོགས་པ་ཞེས་བྱ་བ་དང་། ལྷའི་བུ་བུར་མ་སེལ་བའི་བློ་གྲོས་ཞེས་བྱ་བ་དང་། ལྷའི་བུ་དམ་པའི་ཆོས་འཛིན་ཅེས་བྱ་བ་དང་། དེ་དག་ལ་སོགས་པ་ལྷའི་བུ
184a5 ས་ཡ་ཕྲག་བཞི་དང་བཞི་འབུམ་སྟེ། ལྷའི་བུ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་སེམས་དད་ཅིང་རབ་ཏུ་དགའ་བ། དམ་པའི་ཆོས་སྲུང་བར་དགའ་བ། དམ་པའི་ཆོས་རྒྱས་པར
184a6 དགའ་བ། ཏིང་ངེ་འཛིན་ཐམས་ཅད་གཟུང་བར་དགའ་བ་ཤ་སྟག་སྟེ། སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ
184a7 ལ་དན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལན་སྟོང་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ




iiif viewer powered by OpenSeadragon

183b - 184b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo