e-texts navigator
Collection
Volume
Page
Wylie

182b1 ཆེན་སྒྲ་ལྡན་ཞེས་བྱ་བ་དང་། སྤྲིན་ཆེན་དྲི་མ་སེལ་ཅེས་བྱ་བ་དང་། སྤྲིན་ཆེན་སྒྲོན་མ་པདྨའི་དཔལ་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་སྒྲོག་པ་ལེན་པ་མེད་པའི་རྟོག་པ་མ་འདྲེས་པ་ཞེས་བྱ
182b2 བ་དང་། སྤྲིན་ཆེན་མུན་སེལ་ཅེས་བྱ་བ་དང་། སྤྲིན་ཆེན་རིམ་པའི་ཐོག་ཏོག་སེལ་བ་ཞེས་བྱ་བ་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ་ཡང་ཕྱེ་མ་རེད
182b3 ཀ་ཡི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ
182b4 བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་སེངྒེ་སྒྲོན་མ་ལ་སོགས་པ་ལི་ཙ་བཱི་གཞོན་ནུ་ས་ཡ་ཕྲག་ལྔ
182b5 དང་བརྒྱད་འབུམ་ལ་འདི་ལྟ་སྟེ། ལི་ཙ་བཱི་གཞོན་ནུ་ཆོས་བྱིན་ཞེས་བྱ་བ་དང་། ལི་ཙ་བཱི་གཞོན་ནུ་ཀླུ་མགོ་ཞེས་བྱ་བ་དང་། ལི་ཙ་བཱི་གཞོན་ནུ་ཆོས་སྡེ་ཞེས་བྱ་བ་དང་། ལི་ཙ་བཱི་གཞོན་ནུ་དབང་པོས
182b6 བྱིན་ཞེས་བྱ་བ་དང་། ལི་ཙ་བཱི་གཞོན་ནུ་དབང་པོའི་ཏོག་ཅེས་བྱ་བ་དང་། ལི་ཙ་བཱི་གཞོན་ནུ་དབང་པོའི་རྒྱལ་མཚན་འོད་ཅེས་བྱ་བ་དང་། ལི་ཙ་བཱི་གཞོན་ནུ་སེངྒེའི་སྒྲ་སྒྲོག་བློ་གྲོས་ཞེས་བྱ་བ
182b7 དང་། ལི་ཙ་བཱི་གཞོན་ནུ་རིན་ཆེན་མགྲིན་དབྱངས་ཞེས་བྱ་བ་དང་། ལི་ཙ་བཱི་གཞོན་ནུ་རངས་བྱེད་དཔལ་ཞེས་བྱ་བ་དང་། ལི་ཙ་བཱི་གཞོན་ནུ་ཀླུ་དཔལ་ཞེས་བྱ་བ་དང་། ལི་ཙ་བཱི་གཞོན




iiif viewer powered by OpenSeadragon

182a - 183a

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo