| | e-texts navigator
|
178b1 སྟེ|་རིགས་ཀྱི་བུ། ཆོས་ཉིད་འདི་མ་ཐོབ་པར་ཆོས་ཉིད་རྒྱ་ཆེན་པོ་འཐོབ་པར་མི་འགྱུར་ཏེ། རིགས་ཀྱི་བུ། འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུལ་བའོ། །དེ་ནས་སངས་རྒྱས་ཀྱི
178b2 མ་ཐུས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་པ་དེ་ལོགས་སུ
178b3 ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་ཀྱང་ཆོས་ཉིད་འདི་ཐོབ་པས་སྐྱེ་བའི་འཁོར་བ་ཆེན་པོ་བས་པར་བགྱིས་སོ།
178b4 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དག་ལ་བཀའ
178b5 སྩལ་པ|་རིགས་ཀྱི་བུ་། ས་ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འཆད་པ་དང་། སྟོན་པའི་སའི་ཕྱོགས་དེ་བྱང་ཆུབ་སེམས་ཀྱི་སྙིང་པོར་གཟུང་བར་བྱའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ
178b6 བསྐོར་བར་གཟུང་བར་བྱའོ། །མཆོད་རྟེན་ཆེན་པོར་གཟུང་བར་བྱའོ། །བདག་ཅག་གི་སྟོན་པ་གནས་འདི་ན་བཞུགས་པར་གཟུང་བར་བྱའོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། ཆོས
178b7 ཉིད་འདི་ནི། བྱང་ཆུབ་བོ། །ཆོས་ཉིད་འདི་ནི། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །རིགས་ཀྱི་བུ་དག་།དེ་བཞིན་གཤེགས་པ་ནི། ཆོས་ཀྱི་སྐུ་སྟེ། རིགས་ཀྱི་བུ་དག་།ཆོས་མཆོད
iiif viewer powered by OpenSeadragon
178a - 179a