| | e-texts navigator
|
177b1 འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གནག་ཆོས་ཀྱི་རྣམ་གྲངས་འདི་སྙན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བགྱིད
177b2 དམ། ཁ་ཏོན་བགྱིད་དམ། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་པར་བགྱིད་ན། དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
177b3 རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ལ་སྦྱིན་པ་ལྷུག་པར་བྱིན་ཏེ། དེ་ལྟར
177b4 སྦྱིན་པ་བསྐལ་པ་བརྒྱ་སྟོང་མང་པོར་བྱིན་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གནག་གིས་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བྲིས། ལེགས་པར་ཞུས་ཏེ་སེམས་དད་པས་སེམས་ཅན
177b5 དད་པ་ལ་བྱིན་ན། དེ་བས་ཀྱང་འདི་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། ཟང་ཟིང་གི་སྦྱིན་པ་ནི། ཕྲན་ཚེགས་ཏེ། ཆོས་ཀྱི་སྦྱིན་པ་ནི། རྫུ་འཕྲུལ་ཆེ་བའོ།།
177b6 དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། འཁོར་བ་ན་འཁོར་བའི་སེམས་ཅན་རྣམས་ཀྱིས་ཟང་ཟིང་ནི། རྣམ་པར་དུ་མར་མྱོང་གི་།འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རོ་ནི། ནམ་ཡང་མ་མྱོང་སྟེ། འཇིག
177b7 རྟེན་པ་ནི། མ་ཡིན་ནོ། །རིགས་ཀྱི་བུ། གནག་ལ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་བཀོད
iiif viewer powered by OpenSeadragon
177a - 178a