e-texts navigator
Collection
Volume
Page
Wylie

470a1 སེམས་འཇིག་རྟེན་ཕ་རོལ་ལ་ལྟ་བ་ཅན་དུ་འགྱུར་རོ། །སེམས་མི་དགེ་བ་བཅུའི་ལས་ཀྱི་ལམ་དག་ལས་ལྡོག་པར་འགྱུར་རོ། །སེམས་དགེ་བ་བཅུའི་ལས་ཀྱི་ལམ
470a2 དག་ལ་རྣམ་པར་གནས་པར་འགྱུར་རོ། །སེམས་སེམས་ཅན་ཐམས་ཅད་ལ་མངོན་པར་དགའ་བར་འགྱུར་རོ། །གཟུངས་ཆེན་པོ་འདི་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ
470a3 ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཆོས་ཀྱི་ཆར་འབེབས་པར་བྱེད་པའི་དགྲ་ཐམས་ཅད་རབ་ཏུ་དད་པར་བྱེད་ཅིང་བཤེས་གཉེན་ཐམས་ཅད་མངོན་པར་འཕེལ་བར་བྱེད་པའོ། །
470a4 ཏདྱ་ཐཱ། ལི་བ་ཏ་སྭ་རེ། ཀཱ་ཤཱ་ཡ། བ་ར་མེ། ས་མེ་བགྒྷེ། དྷྭ་རངྒ་ཛ་ལེ། སུ་ཏོ་ཀྵེ་།སུ་མ་ཧཱ་བྷ་ཀྵ་རེ། སུ་ཧ་པུང་གེ་།གཽ་ཨ་པ་ལོ་ཀ་ད་ལེ། སིདྡྷི་བྷི་བ་ཀྵེ། དྷྱ་ན་ན་བཱི་བ་རེ། ཨ་བིནྡྷ
470a5 ལུང་བ། སོ་ཙ་ར་ཙ་ལ། ཨ་བ་བྷ་ས་རེ། བ་རཱ་ཧ་ཤཏྟེ། ཨེ་ཀ་ཧཱ་ད་ཏོ་ཡེ། ས་མཱ་དྷི་ཀ་ར་ཎེ། བཱ་ལ་ཛ་བི་ཏི། མ་ཧཱ་དཱ་བྷུ་ཏ་ཀུ་སེ། ཨ་ར་ཎ་ནི་ལེ། མཱ་ལཱ་མ་ཤ་མེ། ནཱི་ལ་ཀུ་སུ་མེ་སྭཱཧཱ།
470a6 དཔལ་མེ་ཏོག་གསར་པ་ཞེས་བྱ་བའི་གཟུངས་འདིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་བྱམས་པ་ཆེན་པོའི་གོ་བགོས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ན།
470a7 དེའི་སྒྲ་ཐ་ན་སེམས་ཅན་སྲོག་ཆགས་སུ་གྱུར་པ་ཕྲ་མོ་ཆུང་དུ་གང་དག་གི་རྣ་ལམ་དུ་གྲག་པ་དེ་དག་གི་སེམས་ཀྱི་རྙོག་པ་ཉེ་བར་ཞི་བར་བྱེད་པ་དང་། དེ་དག་གི་སེམས་དགེ་བའི་རྩ་བ་ལ




iiif viewer powered by OpenSeadragon

469b - 470b

Texts on this page

H231 - 'dus pa chen po theg pa chen po'i mdo sde las de bzhin gshegs pa'i dpal gyi dam tshig ces bya ba theg pa chen po'i mdo