| | e-texts navigator
|
467a1 དེ་དག་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་ཤིན་ཏུ་དགའ་ཞིང་བཀུར་སྟི་དང་། བླ་མར་བྱེད་པ་དང་། རི་མོ་བྱེད་པ་དག་རབ་ཏུ་འཐོབ་པར་འགྱུར་རོ། །ཆོས
467a2 ཀྱི་རྗེས་སུ་འབྲང་བས་འཇུག་པར་འགྱུར་རོ། །འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་མི་འབྲལ་ལ། སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་འོང
467a3 བ་དང་། སྙིང་དུ་སྡུག་པར་འགྱུར་རོ། །ཏདྱ་ཐཱ། པུརྦ་མཱརྒ་ཨ་མ་ལོ་མ་ཏི། ཀྵིཏྟི་ལ། བྷུ་བཻ་པྲ་ན་ཁཎྜཻ། དུརྨ་ཁི་ལཻ། མཏྶ་ཏུ་ལཻ། གཽ་ར་སནྡྷཻ་ན། ཀྵུ་བ་ར་མཻ། བུདྡྷ་ར་ཤྨི་པིདྒ་ལཻ
467a4 གྷྲི་མེ|་ལོ་ཧི་ཏཱ་ར་བྷེ། ནངྒ་ལ་སཱུཪྱཻ། བྷ་ག་བ་རི་ཎེ། ཨནྡྷ་རྤ་ཨུ་རེ། ཀ་ར་ཧུ་ཛེ། ཀེ་ཤ་ལོ་ཧི། ས་མཱ་དྷི་དྷུ་རེ་སྭཱཧཱ། དེ་ནས་དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་ལེགས་སོ། །ཞེས
467a5 བྱ་བ་གནང་ངོ་། །ཐམས་ཅད་དང་ལྡན་པའི་འཁོར་དེས་ཀྱང་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས་འདི
467a6 སྐད་ཅེས་གསོལ་ཏོ། །བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དབྱངས་དང་། སྒྲ་བརྗོད་པར་བགྱིད་པ། གདུགས་དང་རྒྱལ་མཚན་གྱི་སྨོན་ལམ་གྱི་ཚུལ
467a7 ཞེས་བགྱི་བའི་གཟུངས་ཆེན་པོ་དེ་བཤད་པར་འཚལ་གྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་བདག་ལ་རྗེས་སུ་ཡི་རང་བར་མཛད་དུ
iiif viewer powered by OpenSeadragon
466b - 467b