| | e-texts navigator
|
449a1 འདི་ན་ཀླུ་ཁྲོ་བོ་དག་ཇི་ལྟར་ཟློག་པར་ནུས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཡི་དྭགས་དང་། ཤ་ཟ་ཁྲོ་བོ
449a2 དང་། ལུས་སྲུལ་པོ་ཁྲོ་བོ་དག་ཇི་ལྟར་ཟློག་པར་ནུས་པ་དང་། དེ་དག་ཅི་ནས་ཀྱང་དུས་སུ་ཆར་འབེབས་ཤིང་ཆུ་འབྱིན་པར་འགྱུར་པ་དང་། ལོ་ཏོག་ཕུན་སུམ་ཚོགས་པ་སྒྲུབ་པར
449a3 འགྱུར་བ་དང་། ཚ་བ་དང་། གྲང་བ་དུས་སུ་སྦྱོར་བར་འགྱུར་བ་དག་བློས་རྟོགས་ཤིག་དང་། གཞི་དེས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་མི་ཉམས་ལ་སའི
449a4 བཅུད་ཐམས་ཅད་ལའང་སྐྱོན་མེད་པ་དང་། ནད་མེད་པ་དང་། སྙིང་པོ་དང་ལྡན་པ་དང་། དྲན་པའི་རྒྱུ་ཅན་དང་། དྲི་ཞིམ་པ་དང་། རོ་ཞིམ་པོ་ཕུན་སུམ་ཚོགས་པར་འགྱུར་རོ། །
449a5 སའི་བཅུད་འདི་ལ་བརྟེན་པའི་སེམས་ཅན་གང་དག་གི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ལ་ལོངས་སྤྱོད་པ་དེ་དག་ནི། ནད་མེད་པ་དང་། དྲན་པ་དང་ལྡན་པ་དང་ཞེས་བྱ་བའི་བར་དུ
449a6 སྔར་ཇི་སྐད་གསུངས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་དཔལ་ལྷ་མོ་ཆེན་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དཔལ་ཆོག་ཤེས། བདག
449a7 ག་ཨིས་ནི|་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཀྱི་འབྱུང་བ་ཆེན་པོ་མ་ལུས་པ་དག་ལྷའི་བདེ་བར་སྤྲུལ་ནས་འདིར་སེམས་ཅན་རྣམས་བསྐལ་པ་འབུམ་ཕྲག་སྙེད་ཀྱི་བར་དུ་ལོངས
iiif viewer powered by OpenSeadragon
448b - 449b