e-texts navigator
Collection
Volume
Page
Wylie

446b1 བར་སྤྱོད་པའི་ཡོ་བྱད་ཕུན་སུམ་ཚོགས་པའི་རྒྱུ་དག་གིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བགྱིའོ། །གང་གི་ཚེ་འདི
446b2 ལ་ཏར་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་བཏབ་པས་མ་འོངས་པའི་དུས་ན་དེ་ལྟར་བདག་གིས་བསམ་པ་ཡོངས་སུ་རྫོགས་པར་བྱས་པ་དེའི་ཚེ་བཅོམ་ལྡན
446b3 འདས་དེས་ལེགས་སོ། །ཞེས་བྱ་བ་གནང་སྟེ། དེའི་ཚེ་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་བསམ་པ་ཡོངས་སུ་རྫོགས་པར་བྱས་པས་རིགས་ཀྱི་བུ། དེ་ལྟར་སྨོན་ལམ་བཏབ་པ
446b4 ལེགས་སོ་ལེགས་སོ། །ཞེས་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོས་ལེགས་སོ། །ཞེས་བྱ་བ་གནང་བ་ཡིན་ནོ། །རིགས་ཀྱི་བུ། ཁྱོད་ལ་བདག་གིས
446b5 འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་སྦྱིན་གྱི། ཁྱོད་ཀྱིས་གཟུངས་ཀྱི་སྙིང་པོ་འདིས་དེ་ལྟ་བུར་སེམས་ཅན་རྣམས་ཤིན་ཏུ་ཡོངས་སུ་སྨིན་པར་བྱེད་ནུས་སམ། སེམས
446b6 ཅན་ཚད་མེད་པ་དག་ལོངས་སྤྱོད་དང་། ཉེ་བར་སྤྱོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པ་དག་གིས་ཉོན་མོངས་པའི་ཆུ་བོ་ལས་སྒྲོལ་བར་བྱེད་དམ། ཏདྱ་ཐཱ། ཛ་ལམྦྷ། མ་ཧཱ
446b7 ཛ་ལམྦྷ། ཨ་ནུ་ཛ་ལམྦྷ། སརྦ་ཛ་ལམྦྷ། ཨོ་ག་ཛ་ལམྦྷ། ཡཀྵ་བྲི་ཛ་ལམྦྷ། ནཱ་ག་བྲི་ཛམྦྷ། ཨུ་ག་ར་བྲི་ཛ་ལམྦྷ། ཧསྟི་བྲི་ཛ་ལམྦྷ། ཨ་ཛ་ལམྦྷ། ཛ་ལམྦྷ། ན་མ་ཌཱུ་ཀ་བྲི་ཛ་ལམྦྷ།




iiif viewer powered by OpenSeadragon

446a - 447a

Texts on this page

H231 - 'dus pa chen po theg pa chen po'i mdo sde las de bzhin gshegs pa'i dpal gyi dam tshig ces bya ba theg pa chen po'i mdo