| | e-texts navigator
|
442b1 དང་། ཐབས་མཁས་པ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་བླ་ན་མེད་པའི་བར་ལ་འཇིགས་པ་མེད་པར་དང་མ་བྲལ་བ་ཡིན་ནོ། །དཔལ
442b2 ཆོག་ཤེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་དེ་ལྟ་བུ་བ་གོས་ནས་བསམ་གཏན་དང་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་ཞིང་སློབ་པ་ན་འདོད་པའི་ཁམས
442b3 ལས་ཡང་དག་པར་འདའ་བར་བྱེད་དོ། །དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་རྣམས་ཀྱང་ཤེས་པར་བྱེད་དོ། །ཡན་ལག་ལྔ་དང་ལྡན་ཞིང་ཡན་ལག་ལྔ་རྣམ་པར་སྤངས་པ་ཡིན་ནོ། །
442b4 དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞིས་ཙེ་བ་མངོན་པར་ཤེས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ་དང་བཀུར་སྟི་བྱ་བ་དང་། དམ་པའི་ཆོས་མཉན
442b5 པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས་ཀྱི་ས་འགྲོ་བ་ལ་མཁས་པ་ཡིན་ནོ། །གང་གིས་ན་སེམས་ཅན་ཐམས་ཅད་ཀྱི་ལམ་གསུམ་པོ་ལས་ཀྱི་ལམ་དང་། །
442b6 ཉོན་མོངས་པའི་ལམ་དང་། སྡུག་བསྔལ་གྱི་ལམ་དག་སྐེམ་པར་བྱེད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་དེ་ལྟར་སྐེམ་པར་བྱེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ
442b7 ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར
iiif viewer powered by OpenSeadragon
442a - 443a