e-texts navigator
Collection
Volume
Page
Wylie

438a1 ནས་ཀྱང་བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་དབུགས་རྡུབ་པ་དང་། དབུགས་འབྱུང་བ་དེ་ལ་སྐྱེ་བ་དང་། འཇིག་པའི་ཚུལ་གྱིས་སྐྱེ་འཇིག་གི་མཚན་ཉིད་ལ
438a2 བརྩོན་པ་དང་ལྡན་པར་གནས་པར་བྱའོ་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྨའི་སྒོ་དགུའི་དབུགས་རྡུབ་པ་དང་། དབུགས་འབྱུང་བའི་སྐྱེ
438a3 བ་དང་། འཇིག་པ་ལ་སྦྱོར་ཞིང་སོ་སོར་རྟོག་པར་བྱེད་དོ། །དེ་བཞིན་དུ་བ་སྤུའི་ཁུང་བུའི་སྒོ་འབུམ་ཕྲག་ཁྲག་ཁྲིག་དགུ་བཅུ་རྩ་དགུ་སྙེད་རེ་རེའི་བ་སྤུའི་ཁུང་བུའི་དབུགས་རྡུབ
438a4 པ་དང་། དབུགས་འབྱུང་བའི་སྐྱེ་བ་དང་། འཇིག་པའི་མཚན་ཉིད་ལ་བརྩོན་པ་དང་ལྡན་པར་གནས་པར་བྱེད་དོ། །ཡང་ན་དེ་བ་སྤུའི་ཁུང་བུའི་སྒོ་སྐྲའི་ཉག་མ་ཙམ་དུ་ཆུང་བར
438a5 རྟོག་ནའང་དེར་དབུགས་རྡུབ་པ་དང་། དབུགས་འབྱུང་བ་རྒྱུ་བ་དེ་དག་ཆུང་བར་ཡང་མཐོང་ངོ་། །ཡང་ན་ཆེ་བར་རྟོག་ནའང་ཡུངས་འབྲུ་ཆེན་པོ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང
438a6 ངོ་། །ཡང་ན་སྐྱུ་རུ་ར་ཙམ་དུ་རྟོག་ནའང་སྐྱུ་རུ་ར་ཙམ་དུ་མཐོང་ངོ་། །ཡང་ན་བ་སྤུའི་ཁུང་བུ་རེ་རེ་ལ་བིལ་བའི་འབྲས་བུ་ཙམ་དུ་རྟོག་ནའང་བིལ་བའི་འབྲས་བུ་ཙམ་དུ་མཐོང་ངོ་། །ཡང་ན་དཔག
438a7 ཚད་སྟོང་ཙམ་དུ་རྟོག་ནའང་དཔག་ཚད་སྟོང་ཙམ་དུ་མཐོང་ངོ་། །ཡང་ན་གླིང་བཞི་པ་གཅིག་ཙམ་དུ་རྟོག་ནའང་གླིང་བཞི་པ་གཅིག་ཙམ་དུ་མཐོང་ངོ་། །ཡང་ན་བ་སྤུའི་ཁུང་བུ་རེ་རེ་ལ་རྒྱ་ཆེ་བར་རྟོག་ནའང་རྒྱ་ཆེ




iiif viewer powered by OpenSeadragon

437b - 438b

Texts on this page

H231 - 'dus pa chen po theg pa chen po'i mdo sde las de bzhin gshegs pa'i dpal gyi dam tshig ces bya ba theg pa chen po'i mdo