e-texts navigator
Collection
Volume
Page
Wylie

436b1 བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་ཐུན་མོང་དུག་ཞག་པ་དང་། གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔ་པོ་འདི་དག
436b2 ཡོངས་སུ་རྫོགས་པར་བྱེད་ཅེ་ན། དཔལ་ཆོག་ཤེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ཐམས་ཅད་དུ་ཉེ་བར་ལེན
436b3 པའི་ཕུང་པོ་ལྔ་པོ་དག་གི་སྐྱེ་བ་དང་། འཇིག་པ་ལ་རྟོག་པར་བྱེད་དེ། དེས་ན་སྲེད་པ་དང་། ཆགས་བདག་སྐེམ་པར་ཡང་བྱེད་ལ་ངེས་པ་ལ་འཇུག་པར་ཡང་མི་བྱེད་དོ། །རྫུ་འཕྲུལ་གྱི
436b4 རྐང་པ་བཞིས་རྣམ་པར་རྩེ་བ་མངོན་པར་ཤེས་པའང་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ་དང་། བཀུར་སྟི་བྱ་བ་དང་། དམ་པའི་ཆོས་མཉན
436b5 པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས་ཀྱིས་འགྲོ་བ་ལ་མཁས་པའང་ཡིན་ནོ། །སེམས་ཅན་རྣམས་ཀྱི་ལམ་གསུམ་པོ་ལས་ཀྱི་ལམ་དང་། ཉོན་མོངས
436b6 པའི་ལམ་དང་། སྡུག་བསྔལ་ཀྱི་ལམ་དག་སྐེམ་པར་ཡང་བྱེད་དོ། །འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་ཡང་བྱེད་ལ། འདོད་པའི་ཁམས་དག་གཏོང་བར་ཡང་མི་བྱེད་དོ། །
436b7 སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འགྲོ་བ་སྣ་ཚོགས་ཀྱི་སྐྱེ་བའི་ས་དག་སྟོན་པར་ཡང་བྱེད་ལ། མངལ་གྱི་ཉེས་པས་གོས་པར་ཡང་མི་བྱེད་དོ། །སེམས་ཅན




iiif viewer powered by OpenSeadragon

436a - 437a

Texts on this page

H231 - 'dus pa chen po theg pa chen po'i mdo sde las de bzhin gshegs pa'i dpal gyi dam tshig ces bya ba theg pa chen po'i mdo