e-texts navigator
Collection
Volume
Page
Wylie

284b1 བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ
284b2 མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། མ
284b3 འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏོ། །དེའི་ཚེ་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་རྒྱལ་པོའི་ཁ་བ་ཀྱི
284b4 གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་ཕྱིར་འོད་མའི་ཚལ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ
284b5 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས
284b6 གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། ལས་བགྱིས་ཤིང་བསགས་པ་འགགས་ནས་ཡུན་རིང་དུ་འགགས་པ་འགུམ་པའི
284b7 དུས་ཀྱི་ཚེ་ཉེ་བར་གནས་ཤིང་ཡིད་ལ་མངོན་དུ་འགྱུར་ལགས། འདུ་བྱེད་ཐམས་ཅད་སྟོང་པ་ལ་ཇི་ལྟར་ལས་རྣམས་ཆབ་མི་འཚལ་བར་གདའ། དེ་སྐད་ཅེས་གསོལ་པ་དང་། བཅོམ




iiif viewer powered by OpenSeadragon

284a - 285a

Texts on this page

H227 - 'phags pa srid pa 'pho ba zhes bya ba theg pa chen po'i mdo