e-texts navigator
Collection
Volume
Page
Wylie

180a1 དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་དེ་དག་བཅོམ
180a2 ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར
180a3 གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང་། ལོ་ཙཱ་བ་བནྡེ་པ་རྗེ་ཡེ་ཤེས་སྙིང་པོས་བསྒྱུར་ནས་གཏན་ལ་ཕབ་པ།། །། རྒྱ་གར་སྐད་དུ། ཨཱཪྱ་ཤཱ་ལི་སྟམྦྷ་ནཱ་མ་མཧཱ་ཡཱ་ན
180a4 སཱུ་ཏྲ། བོད་སྐད་དུ། འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད
180a5 བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།
180a6 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ
180a7 ཅ་ཧེན་པོ་བྱམས་པའི་བགྲོད་པར་བྱ་བའི་ས་ཕྱོགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཕན་ཚུན་ཡང་དག་པར་དགའ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་འདུས་ཏེ




iiif viewer powered by OpenSeadragon

179b - 180b

Texts on this page

H210 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo
H211 - 'phags pa sA lu'i ljang ba zhes bya ba theg pa chen po'i mdo