e-texts navigator
Collection
Volume
Page
Wylie

3a1 ནམས་ཆེན་པོ་དེ་ནི། ཤེས་རབ་ལས་བྱུང་བ་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པ་ཡིན་ཏེ། བསམ་གྱིས་མི་ཁྱབ
3a2 པོ|་|འཇམ་དཔལ། ཛམྦུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། གང
3a3 ས་ཨེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱར་བསྒྱུར་བས་གླིང་བཞི་ལ
3a4 དབང་བ་རིན་པོ་ཆེ་བདུན་དང་ལྡན་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཏེ། དེའི་རིན་པོ་ཆེ་བདུན། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ
3a5 དང་|་གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ
3a6 རིན་པོ་ཆེ་དང་འདི་བདུན་འབྱུང་ངོ་། །དེ་ལ་བུ་སྟོང་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ




iiif viewer powered by OpenSeadragon

2b - 3b

Texts on this page

H173 - 'phags pa 'jam dpal gyis dris pa zhes bya ba theg pa chen po'i mdo