e-texts navigator
Collection
Volume
Page
Wylie

33b1 ཅན་ངན་སོང་ཀུན་ཏུ་རྒྱུག། བསམ་པ་དག་པ་འཕགས་པའི་དག་པ་ཡིན། །བྱང་ཆུབ་གཡོ་མེད་དེ་ནི་སེམས་ཀྱི་གཞི། །སྨྲས་པ་ཙམ་གྱིས་བྱང་ཆུབ་མི་འཐོབ་ཀྱི། །སེམས་ཀྱང་དག
33b2 བར་བྱ་ཞེས་བདེ་གཤེགས་གསུངས། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ཆགས་ལྔ་སྟོང་གིས་སྔོན་མ་བསྐྱེད་པ་ལས་བླ་ན་མེད་པ་ཡང་དག་པར
33b3 རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། མི་སྐྱེ་བའི་ཆོས་རྣམས་ལའང་བཟོད་པ་ཐོབ་པར་གྱུར་ཏོ། །རྒྱལ་པོ་ཚངས་པས་བྱིན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི
33b4 བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། སྲོག་ཆགས་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། ལྷ་དུང་ཕྱུར་གྱིས་ནི་སྔོན་མ་བསྐྱེད
33b5 པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ
33b6 པ་མཛད་པ་དེའི་མོད་ལ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་པ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་།
33b7 བཙོང་ཀ་དང་། ཤེལ་ཀྱི་ཁ་དོག་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ནས་སྟེང་དུའང




iiif viewer powered by OpenSeadragon

33a - 34a

Texts on this page

H160 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo