| | e-texts navigator
|
31b1 ཚམ་ངམ་བྱེད་ཅིང་འཐབ་པར་བྱེད། །འོང་པ་དག་ལ་ཚར་ཡང་གཅོད་བྱེད་ཅིང་། །གཞུང་མེད་པར་ནི་འཛུགས་ཤིང་གླེང་བར་བྱེད། །ཕྲ་མའི་རང་བཞིན་སྡིག་པ་མང་པོ་ཅན། །
31b2 མཐུན་དང་བྲལ་ལ་འཐབ་ཅིང་སྡང་བ་རྣམས། །མ་དད་རང་བཞིན་མཚན་མ་འདི་དག་ཡིན། །དེ་དག་དད་མེད་རབ་ཏུ་བྱུང་ནས་ནི། །འདྲེན་པའི་བསྟན་ལ་དེ་དག་སུན་ཡང་འབྱིན
31b3 མཐུན་པ་གང་གིས་དགེ་འདུན་མཛེས་འགྱུར་ཏེ། །དེ་དག་ཆོས་མིན་ཚིག་གིས་འགལ་བར་བྱེད། །རྒྱལ་བ་རྣམས་ཀྱི་བསྟན་ལ་དེ་མ་ངེས། །མུ་སྟེགས་ཅན་ལྟར་སོམ་ཉི་ཐེ
31b4 ཚོམ་བཅས། །དེས་ནི་ཆོས་ལ་གླགས་གཏོང་འགལ་བྱས་ནས། །དད་མེད་དེ་ནི་ཆོས་ཀྱང་སྤོང་བར་བྱེད། །དེ་ཡི་ལོག་པ་ལྟ་བ་མ་སྤངས་ཏེ། །ཕྱི་རོལ་མུ་སྟེགས་ཅན་གྱིས་ནང་དུ
31b5 སྨོད། །དེས་ནི་བསྟན་པ་འདི་ལ་གཏིང་མི་ཚུགས། །ཆོས་གོས་འཆང་བ་ཙམ་གྱིས་དགེ་སློང་བརྗོད། །བདག་མེད་རྡོ་རྗེ་ཤིན་ཏུ་སྒོམ་པ་དེས། །འཇིག་ཚོགས་ལྟ་བ་འདི་དང་བྲལ
31b6 བ་ཡི|་|དགེ་སློང་དེ་ནི་བསྟན་འདིར་ཡེ་ཤེས་ལ། །སྤྱོད་ཡུལ་རླུང་ལྟར་འདུས་བྱས་ཆགས་པ་མེད། །དད་པ་མེད་པ་ལས་ལ་ཡིད་མི་ཆེས། །སྡིག་པའི་སེམས་ཀྱི་དབང་དུ་སོང
31b7 ནས་ནི། །དེ་ནི་ཇི་ལྟར་གཞན་ལ་གཙེས་པ་བཞིན། །རིང་པོ་མི་ཐོགས་ངན་སོང་གནས་པར་འགྱུར། །རྒྱ་མཚོ་ཆེ་ལ་ཇི་ལྟར་ཆུ་གནས་བཞིན། །བསྟན་པ་འདི་ལ་དད་པ་གཞི
iiif viewer powered by OpenSeadragon
31a - 32a