e-texts navigator
Collection
Volume
Page
Wylie

31a1 དད་བདག་ཉིད་གླེང་མི་བྱེད། །ཀླན་ཀ་འཚོལ་ཞིང་གཞན་གྱི་ཉེས་པ་འཛིན། །ནགས་ཀྱི་ཨེ་རཎྜ་ཡི་ཤིང་ལྟ་བུ། །དེ་ནི་ཁྱིམ་པ་མ་ཡིན་དགེ་སློང་མིན། །
31a2 རྣམ་པར་མ་དག་རང་བཞིན་ཁོང་གཡོ་ཅན། །སུ་ཡི་བསྟན་པ་ལ་ཡང་འཇུག་མི་བྱེད། །གཞན་གྱི་ཡིད་བརྟན་ན་ཡང་འཁུ་བར་བྱེད། །བསྐལ་པར་གསོས་ཀྱང་མཛའ་བོར་ཡོང
31a3 མི་འགྱུར། །དེ་དག་འཚོ་བ་ནམ་ཡང་དག་པ་མེད། །མ་དད་རབ་ཏུ་བྱུང་བའི་དགེ་སློང་རྣམས། །དེ་དག་ཐར་པའི་ཆོས་མང་སྤངས་པས་ན། །རིང་པོར་མི་ཐོགས་པར་ནི་ལྟུང་བར
31a4 འགྱུར། །དད་པ་མེད་པ་བསྙེན་བཀུར་འདོད་པའི་ཕྱིར། །མི་བདེན་ཆོས་རྣམས་གཞན་ལ་གོ་བར་བྱེད། །གཡོ་བྱེད་རང་བཞིན་རྣམ་པར་སྤེད་བྱེད་ཅིང་། །དེ་ནི་གཞོགས
31a5 སློང་ཁ་གསག་བྱེད་པ་ཡིན། །དེ་ཡི་སེམས་རྒྱུད་རྟག་ཏུ་གཡན་ཡང་སྤྱོ། །གཞན་དག་གཏམ་བརྗོད་པ་ནི་ཐོས་ན་ཡང་། །གཏམ་འདི་བདག་གི་ཕྱིར་ནི་གཏམ་བྱེད
31a6 སྙམ། །དད་པ་མེད་པ་ཁུ་འཕྲིགས་ཟ་བར་འགྱུར། །དེ་ནི་གཞན་གྱི་གཏམ་དག་བརྗོད་བྱས་ནས། །བདག་ཉིད་མ་དག་དེ་བཞིན་གཞན་ཡང་མཐོང་། །མ་དད་པ་ནི་རི་དྭགས
31a7 སྐྲག་པ་བཞིན། །སུ་ལའང་མི་འབེབས་ཡིད་ཀྱང་རྟོན་མི་བྱེད། །སྦྱོར་བ་ཉམས་ཤིང་གཞན་ཡིད་མི་སྲུང་བ། །ཚོགས་ཀྱི་ནང་དུ་ཡིད་ཀྱང་ཞུམ་པར་འགྱུར། །ལག་པས




iiif viewer powered by OpenSeadragon

30b - 31b

Texts on this page

H160 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo