e-texts navigator
Collection
Volume
Page
Wylie

28b1 བསྟན་པ་སུན་འབྱིན་པ། །ཏིང་འཛིན་མ་ཐོབ་བྱིས་པའི་བསམ་པ་སེམས། །རྒྱལ་པོ་ངས་ནི་འདས་པའི་དུས་དྲན་པས། །སངས་རྒྱས་ཡེ་ཤེས་འོད་ཅེས་བྱ་བ་བྱུང་། །ལོ་ནི་བརྒྱད་ཁྲི་ཐམ
28b2 པའི་བར་དག་དུ། །ཆོས་རྣམས་བསྟན་ནས་རྒྱལ་བ་མྱ་ངན་འདས། །རྒྱལ་བ་དེ་ནི་འདས་པའི་དུས་ཀྱི་འོག་།དམ་པའི་ཆོས་ནི་ཉམས་ཤིང་ཐུག་པ་ན། །དགེ་སློང་དྲན་པའི་བློ་ཅན
28b3 ཞེས་བྱ་བྱུང་། །གཟུངས་ཐོབ་མ་ཡིན་སྤོབས་པ་ཐོབ་པར་འགྱུར། །མཛེས་ཤིང་དེས་ལ་བཀའ་བློ་བདེ་བ་དང་། །རྟག་ཏུ་ངན་དོན་ཙམ་གྱིས་ཆོས་ཤེས་པ། །སྐྱེ་དགུ་སྤྲིན་གྱི་ཆུས
28b4 ནི་ཚིམ་བྱེད་ལྟར། །ལྷར་བཅས་འགྲོ་བ་ཆོས་ཀྱིས་ཚིམ་པར་བྱེད། །དེ་ཡི་དུས་ཀྱི་ཚེ་ནས་སྟེང་དུ། །བཀོད་པའི་རྒྱལ་པོ་ཞེས་བྱ་གྲོང་ཁྱེར་བྱུང་། །ཁོ་ར་ཁོར་ཡུག་དཔག་ཚད
28b5 བརྒྱད་དུ་གྱུར། །མི་རྣམས་དེ་དག་བློ་ལྡན་ལོ་ལེགས་བདེ། །ཆོས་སྨྲ་དྲན་པའི་བློ་ཅན་དེ་འོངས་ནས། །སྲོག་ཆགས་རྣམས་ལ་ཕན་ཕྱིར་ཆོས་ཀྱང་བསྟན། །སྲོག་ཆགས་བྱེ་བ
28b6 ཕྲག་ནི་ཉི་ཤུ་གསུམ། །བླ་མེད་བྱང་ཆུབ་ལ་ནི་བཀོད་པར་གྱུར། །མེ་ཏོག་རྣམས་དང་སྤོས་དང་གོས་རྣམས་དང་། །བཅའ་བ་ཐུག་པ་དང་ནི་འཚམ་པ་ཡི། །གླུ་དབྱངས་རོལ་མོའི་སྒྲ
28b7 རྣམས་རབ་མཆོག་གིས། །དེ་དག་དེ་ལ་སངས་རྒྱས་བཞིན་དུ་མཆོད། །དགེ་སློང་ལྔ་བརྒྱ་ཤིན་ཏུ་མི་མཐུན་གྱུར། །གྲོང་ཁྱེར་དུ་ནི་དེ་ཡི་བསྔགས་མིན་སྒྲོགས། །ཚུལ་ཁྲིམས་མི




iiif viewer powered by OpenSeadragon

28a - 29a

Texts on this page

H160 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo