| | e-texts navigator
|
28a1 བསྡམས་འཐབ་མོ་བྱེད་པར་འགྱུར། །འདི་འདྲ་དག་གི་གནས་འདིར་གང་ཡང་མེད། །ཡུལ་ཞིག་ཏུ་ནི་ཅི་འདྲ་དྲན་པར་གྱིས། །གནས་པའི་དགེ་སློང་དག
28a2 གི་ཁྱོད་བསྐྲད་ན། །ཡུལ་འདི་སུན་དབྱུང་ཕྱིར་ནི་འོངས་སམ་ཁྱོད། །དགེ་བསྙེན་བླུན་པོ་རྣམས་ནི་འདི་མི་ཤེས། །འདི་དག་ཁྲིམས་འཆལ་ཚུལ་ཁྲིམས་ལྡན་མི་ཤེས། །དགེ་སློང
28a3 དགའ་དང་མི་དགས་མྱུར་དུ་སོང་། །མི་སྡུག་པ་དང་དྲག་པོས་སོང་ང་རེ། །སངས་རྒྱས་ལ་ནི་སློབ་པའི་ཆོས་སྨྲ་བ། །དེས་ཤིང་དམ་བརྟན་དག་གི་མཐོང་ན་ནི། །བླུན་དང་མི་མཐུན
28a4 འགྱུར་ན་མི་རུང་ཞེས། །དེ་དག་ག་ལས་འོངས་པར་ཕྱིར་ཡང་འགྲོ། །ཀྱེ་མ་བདག་གི་འདྲེན་པའི་བསྟན་པ་པོ། །རྒྱལ་བ་དག་གི་ཆོས་འདི་འགག་པར་འགྱུར། །དགེ་སློང་སྡིག
28a5 ཅན་འདི་དག་རབ་ཏུ་འཕེལ། །ཆོས་སྨྲ་གང་ཡིན་རྣམས་ནི་ཉུང་བར་འགྱུར། །གང་ཚེ་མང་དུ་ཐོས་པ་གློ་བུར་འོངས། །སྐྱེ་བོ་མང་པོ་དགའ་བྱེད་སྟོན་པ་ན། །བློ་གྲོས་ཆུང་དུ་འདི
28a6 ལྟར་ཅི་ཤེས་ཞེས། །མི་རིགས་དེ་དག་གཞན་ལ་སྦྲོན་པར་བྱེད། །དེས་ནི་ལུང་ཡང་མ་མནོས་ཆོས་མ་དྲིས། །འདི་ཡི་མཁན་པོ་ཅི་འདྲ་སློབ་དཔོན་གང་། །རང་སྐྱེ་ཤིང་ལྟར
28a7 ཆོས་གོས་བགོས་ནས་ནི། །བདེ་བའི་དོན་དུ་རྙེད་པ་འཚོལ་བར་བྱེད། །དེ་འདིར་མདོ་སྡེ་དེ་ལ་མི་མཁས་ཏེ། །དེ་ཡིས་ཤེས་པ་བདག་ཅག་ཤེས་སོ་སྙམ། །དེ་དག་བླུན་ཞིང
iiif viewer powered by OpenSeadragon
27b - 28b