| | e-texts navigator
|
264b1 རྟེན་གྱི། |མགོན་པོ་རྣམས་ལ་མཆོད་བྱེད་པ། །དེ་ལ་རྒྱལ་བའི་སྲས་རྣམས་ཀྱིས། །ཉིན་མཚན་དུས་གསུམ་ཡི་རང་བྱ། །དེ་ན་བདག་གཞན་དོན་བྱེད་པའི། །ཕ་རོལ་ཕྱིན་པ་རྫོགས་པར
264b2 འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་དང་། །བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང
264b3 དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་རིན་ཆེན
264b4 ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིང་ཧ་དང་། ལོ་ཙཱ་བ་བནྡེ་དགེ་བ་དཔལ་གྱིས་བསྒྱུར། རྒྱ་གར་གྱི་མཁན
264b5 པོ་བིདྱཱ་ཀ་ར་སིདྷ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དེ་པ་ཙནྡྲ་ས་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཨཱཪྱ་ཀྵེ་མང་ཀ་ར་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད
264b6 དུ|་འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ
264b7 དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་ཡུལ་སེར་སྐྱའི་གནས་ན་ཤཱཀྱ་རྣམས་ཀྱི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ནས་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས
iiif viewer powered by OpenSeadragon
264a - 265a