| | e-texts navigator
|
262a1 ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། སྐད་ཅིག་ཡུད་ཙམ་གཅིག
262a2 ལ་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་དེ
262a3 དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཐམས་ཅད་ཀྱི་ཚེའི་ཚད་ཀྱང་མཉམ་མོ། །གཞོན་ནུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ
262a4 དག་ཐམས་ཅད་ཀྱང་ཉི་མ་གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས
262a5 ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
262a6 སངས་རྒྱས་དེ་དག་གི་སྐུ་ཚེའི་ཚད་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དེ་དག་གིས་ནི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་སྐུ་ཚེའི
262a7 ཚད་དེ་ཙམ་དུ་རིང་བ་གཞེས་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུ་ཚེའི་ཚད་འདི་ལ་དེ
iiif viewer powered by OpenSeadragon
261b - 262b