| | e-texts navigator
|
256b1 ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སྔ་མ་ཇི་སྙེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ། ལག
256b2 མཐིལ་ལྟར་མཉམ་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་དཔལ་ཞེས་བྱ་བ་ད་ལྟར
256b3 བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི
256b4 ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པར་མེད་པར་མི་འགྱུར་རོ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ། དེ་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་དེ
256b5 བཞིན་གཤེགས་པ་དེ་ཙནྡན་དཔལ་ཞེས་བྱ་ཞེ་ན། གཞོན་ནུ། དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱིས་ཞིང་དེ་ཐམས་ཅད་ཙནྡན་གྱི་ཁང་པ་བརྩེགས་པས་ཡོངས་སུ་ཁྱབ
256b6 པས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་དེའི་མཚན་ཙནྡན་དཔལ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འང་རུང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ
256b7 ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཚན་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གཞོན་ནུ། འདི་ནས་ནུབ་ཕྱོགས
iiif viewer powered by OpenSeadragon
256a - 257a