e-texts navigator
Collection
Volume
Page
Wylie

17a1 པ་ནི་འཁོར་བ་ན་འཁོར་བའི་ཚེ་རྟག་ཏུ་ཁྱད་པར་དུ་འགྲོ་བར་འགྱུར་ལ། མི་ཁོམ་པ་རྣམས་སུའང་སྐྱེ་བར་མི་འགྱུར་རོ། །དེ་བཞིན་གཤེགས་པ་དང་ཡང
17a2 ཕྲད་ཅིང་མཉེས་པར་བྱེད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོན་པ་ནའང་ལྡེམ་པོའི་ངག་ལ་མཁས་པར་འགྱུར་རོ། །དྲན་པ་མི་ཆོད་པ་དང་ལྡན་པར
17a3 འགྱུར། མཛེས་པར་ཡང་འགྱུར། དབང་པོ་མ་ཚང་བར་མི་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དོན་དམ་པ་དང་ལྡན་པའི་གཏམ། འདི་ལྟ་སྟེ། བདེན་པ
17a4 བཞི་བསྟན་པ་དང་ལྡན་པས་བོད་པར་འགྱུར་ཏེ། ལྔ་གང་ཞེ་ན། རྒྱལ་པོ་ཆེན་པོ། འདི་ལ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་དད་པ་ཅན་ཡིན་ཏེ། དད་པའི
17a5 ཤས་ཆེ་ཞིང་ཞེ་འགྲས་པ་མེད་པའི་ཡིད་དང་ལྡན་ནོ། །དེའི་དད་པ་དེའང་ངེས་པར་རྩ་ཟུག་ཏུ་བསྟན་པ་ཡིན་ནོ། །དད་པ་དེའང་རྣམ་པ་བཅུར་བལྟ་བར་བྱ་སྟེ། བཅུ་གང་ཞེ
17a6 ན|་འདི་ལྟ་སྟེ། གཡོ་མེད་པར་སྦྱིན་པ་དང་། བ་དོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ལྷག་པའི་ང་རྒྱལ་མེད་པ་དང་། དད་པའི་ཤས་ཆེ་བ་དང་། འཕགས་པའི
17a7 བསྟན་པ་ལ་སྐྱོན་དུ་མི་འཛིན་པ་དང་། དགེ་སློང་རབ་འབྲིང་ཐ་མ་རྣམས་ལ་འཁྲུལ་བ་མི་འཚོལ་བ་དང་། སྟོང་པ་ཉིད་ལ་མོས་པ་དང་། ལུས་ཀྱི་ལས་ཡོངས་སུ་དག་པ་དང་།




iiif viewer powered by OpenSeadragon

16b - 17b

Texts on this page

H160 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo