e-texts navigator
Collection
Volume
Page
Wylie

9a1 ཆངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་ལྷན་ཅིག་ཏུ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། རིན་པོ
9a2 ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟོང་གི་བར་སྣང་ལ་འདུག་སྟེ་ལུས་བཏུད་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཉིད་ལ་ཕྱག་བཙལ་ཏོ། །དེ
9a3 ནས་བཅོམ་ལྡན་འདས་ལ་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ཅི་ལགས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག
9a4 རྟེན་གྱི་ཁམས་འདི་ཆབ་ཀྱིས་ཡོངས་སུ་གཏམས་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་གདའ་བ་དང་། པདྨ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་བྱུང་བ་འདི་དང་། དེ
9a5 དག་ལའང་སྐྱེས་བུ་དམ་པ་དག་མཆིས་པ་འདི་ལྟ་བུ་ཀུན་ཏུ་གདའ་ཡང་བཅོམ་ལྡན་འདས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གྲོང་དང་། གྲོང་ཁྱེར་དང་།
9a6 གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལའང་སྒྲིབ་པ་མ་མཆིས་པར་ཀུན་ཏུ་གདའ་བ་དང་། ཛམྦུའི་གླིང་རྣམས་དང་། གླིང་བཞི་པ་ཆེན་པོ
9a7 རྣམས་དང་། རྒྱ་མཚོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལའང་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅིའང་མ་མཆིས་པར་དེ་ཁོ




iiif viewer powered by OpenSeadragon

8b - 9b

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo