| | e-texts navigator
|
8b1 པའི་མངོན་པར་མཁྱེན་པ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཏོ། །བྱང
8b2 ཅ་ཧུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ལན་བདུན་བསྐོར་བ་བྱས་ནས་སླར་རང་རང་གི་སྟན་ལ
8b3 འཁོད་དོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ཞེས་བྱ་བ་མྱ་ངན་མེད་པའི་གླིང་བཞི་པ་ཆེན་པོ་ན་གནས་པ། ཚངས་པའི་འཇིག་རྟེན་ན་འདུག
8b4 པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུའང་མཐོང་། པདྨ་རྣམ་པར་བཀྲ་བ། བལྟ་ན་སྡུག་པ་བྱེ་བ་ཁྲག་ཁྲིག་བརྒྱ
8b5 ཕྲག་སྟོང་མངོན་པར་བྱུང་བའང་མཐོང་། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁམས་བྱང་ཆུབ་སེམས་དཔས་གང་བའང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སྲེག
8b6 པའི་བསྐལ་པ་ནི། མ་བྱུང་ན། ཆུས་འཇིག་པ་འདི་བྱུང་སྟེ། འདི་ལྟ་བུའི་ཆོ་འཕྲུལ་འདི་དག་ཀུན་ཏུ་སྣང་བ་འདི་ལ་རྒྱུ་ཅི་ཡོད་བདག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ
8b7 ལྡན་འདས། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཆེན་པོ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས་ཞེས་ཞུའོ་སྙམ་མོ། །དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ
iiif viewer powered by OpenSeadragon
8a - 9a