| | e-texts navigator
|
89b1 ག་ཨང་དག་བྱང་ཆུབ་སེམས་དཔའི་བློ་གྲོས་རྒྱ་མཚོ་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་པ་དེ་དག་གིས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཤིང
89b2 རབ་ཏུ་དགའ་སྟེ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བདག་ཅག་སངས་རྒྱས་ཀྱི་ཞིང་འདིར་ལེགས་པར་ལྷགས་པ་དང་། བཅོམ་ལྡན་འདས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང
89b3 སྐྱེས་བུ་དམ་པ་འདི་དག་ཀྱང་མཐོང་བ་དང་། ཆོས་ཟབ་མོ་བསྟན་པ་འདིའང་ཐོས་པ་ནི། བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །གང་དུ
89b4 ཆོས་ཀྱི་རྣམ་གྲངས་འདི་གནས་པར་འགྱུར་པ་དེ་ན་སངས་རྒྱས་བྱུང་བར་བལྟའོ། །གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་པ་དེར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བལྟའོ། །
89b5 ད་ལྟར་བྱུང་བའམ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། འཛིན་པ་དང་། འཆང
89b6 བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བའི་སེམས་ཅན་དེ་དག་ཀྱང་རྙེད་པ་ལེགས་པ་རྙེད་པ་དག་གོ་།བཅོམ
89b7 ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།ཁྱེད་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔས་རྙེད་པ་ལེགས་པར་རྙེད་པ་ཤེས་སམ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས།
iiif viewer powered by OpenSeadragon
89a - 90a