e-texts navigator
Collection
Volume
Page
Wylie

83b1 སྟེ|་དེ་ནི། བསྒྲུབ་པར་བྱ་བའང་མ་ཡིན། སྤང་བར་བྱ་བའང་མ་ཡིན་པའོ། །གང་བསྒྲུབ་པར་བྱ་བའང་མ་ཡིན། སྤང་བར་བྱ་བའང་མ་ཡིན་པ་དེ་ཆོས་སོ། །དེ་ནི། འདུལ་བའོ། །ཅིའི
83b2 ཕྱིར་དེ་ཆོས་ཡིན། དེ་འདུལ་བ་ཡིན་ཞེ་ན། རང་བཞིན་གྱིས་མ་སྐྱེས་པའི་ཉོན་མོངས་པ་རྣམས་སྐྱེ་བར་མི་བྱེད་པས་དེའི་ཕྱིར་ཆོས་དེ་ཡིན། དེ་འདུལ་བ་ཡིན་ཞེས་བྱའོ། །ཆོས་དང
83b3 འདུལ་བ་གང་ཡིན་པ་དེ་ནི། སྐྱེ་བ་མེད་པ་འགག་པ་མེད་པའོ། །གང་སྐྱེ་བ་མེད་འགག་པ་མེད་པ་དེ་ནི། ཟད་པར་མི་འགྱུར་རོ། །དེ་ལྟར་ཟད་པ་མེད་པ་དང་། སྐྱེ་བ་མེད་པའི་ཆོས་དང་།
83b4 འདུལ་བ་དེ་ནི། ཇི་ལྟར་འབྱུང་བ་མེད་པ་དེ་ལྟར་ཡོངས་སུ་བཟུང་བ་མེད་དོ། །གང་ཡོངས་སུ་བཟུང་བ་མེད་པ་དེ་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ། དེ་ལྟར་བཅོམ
83b5 ལ་དན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་ཉིས་སྟོང་མི་སྐྱེ
83b6 བའི་ཆོས་ལ་བཟོད་པ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བས་བཅོམ་ལྡན་འདས་དེ་ལས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཤིང་རབ་ཏུ་དགའ་སྟེ
83b7 དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི




iiif viewer powered by OpenSeadragon

83a - 84a

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo