| | e-texts navigator
|
81b1 རམ|་ཐ་ན་དབུགས་འབྱིན་པའམ་རྡུབ་པ་གཅིག་ཀྱང་རུང་སྟེ། འདིའང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ། གཞན་ཡང་གང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་ཅིང་མི་ལེན
81b2 པ་འདིའང་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །ཡོན་ཏན་གྱི་རྒྱལ་པོ་སྣང་བ། ཁྱོད་ཀྱིས་རྣམ་གངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ། །རིགས་ཀྱི་བུ། སྔོན་བྱུང་བ་འདས་པའི
81b3 ད་ཨུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆོས་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དགའ་བ་འཕགས་པའི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་འོད་རྣམ་པར་དག་པར་བཅོམ
81b4 ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ
81b5 བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །
81b6 རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་འོད་རྣམ་པར་དག་པ་དེ་ནི། བཻ་ཌཱུཪྱ་ལས་གྲུབ་པ། ཤིན་ཏུ་རྣམ་པར་དག་པ། ཕྱོགས་བཅུ་སྣང་བས་རྒྱས་པར་འགེངས་པ། བྱང་ཆུབ་སེམས
81b7 དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོའི་སྟོབས་ཀྱིས་རྣམ་པར་བརྩོན་པ། ཆོས་ཟབ་མོ་ལ་ངེས་པར་བྱུང་བ་ཉི་ཚེའི་གནས་སུ་གྱུར་པའོ། །དེའི་ཚེ་སེམས་ཅན་དེ་དག
iiif viewer powered by OpenSeadragon
81a - 82a