| | e-texts navigator
|
81a1 དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་སྦྱིན་པ་དང་། ལེགས་སོ། །ཞེས་བྱ་བ་སྦྱིན་པ་དང་། རྫི་བོ་ལྟར་ཀུན་ཏུ་སྲུང་བ་དང་། དགེ
81a2 བ་སྲུང་བ་དང་། བསྔགས་པ་བརྗོད་པ་དང་། མི་སྙན་པ་འཆབ་པ་འདིའང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ། གཞན་ཡང་གང་སྟོང་པ་ཉིད་ལ་མོས་པ་དང་། མཚན
81a3 མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་སེམས་པ་འདིའང་དམ་པའི་ཆོས་ཡོངས་སུ་འཛིན
81a4 པའོ|་|རིགས་ཀྱི་བུ། གཞན་ཡང་རྩོད་པ་མེད་པ་ལྷུར་ལེན་པ་དང་། ཆོས་མ་ཡིན་པས་རྩོད་པ་རྣམས་ཆོས་དང་མཐུན་པས་ཚར་གཅོད་པ་འདིའང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།།
81a5 རིགས་ཀྱི་བུ། གཞན་ཡང་ཞེ་སྡང་མེད་པའི་རྒྱུད་དང་། སེམས་ཅན་བསྡུ་བ་དང་རབ་ཏུ་ཐར་པར་བྱ་བའི་བློ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདིའང
81a6 དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ། གཞན་ཡང་ལུས་དང་སྲོག་འདོར་ཞིང་མདོ་སྡེ་འདི་དག་ཀུན་ཏུ་སྲུང་བ་དང་། སྦེད་པ་དང་། སྒྲུབ་པར་དཀོན་པ་ལ་གནས་པ
81a7 འདིའང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ། གཞན་ཡང་གང་ཆོས་མཉན་པའི་རྒྱུ་ལས་བྱུང་བའམ། ཆོས་བསྟན་པའི་རྒྱུ་ལས་བྱུང་བས་ཐ་ན་གོམ་པ་གཅིག་འདོར
iiif viewer powered by OpenSeadragon
80b - 81b