e-texts navigator
Collection
Volume
Page
Wylie

71b1 སྟོང་ཕྲག་ལྔ་ཞིག་ཀྱང་། །སངས་རྒྱས་ཞིང་འདི་བཟོད་པ་རྣམ་པར་སྦྱངས། །མི་དང་ལྷ་དང་ལྷ་མིན་མིའམ་ཅི། །བདུན་སྟོང་བྱང་ཆུབ་མཆོག་རབ་ཏུ་ཞུགས། །དེ་ན་གང་གིས་བརྩོན་འགྲུས
71b2 མཆོག་རེག་པ། །དགེ་སློང་བརྩོན་འགྲུས་བརྟན་པར་ང་ཡིན་ཏེ། །བརྩོན་འགྲུས་བརྩམས་ནས་ངས་ནི་ལུས་བཏང་སྟེ། །འདུག་བཞིན་དེ་ཚེ་འཆི་བའི་དུས་བྱས་གྱུར། །བརྒྱད་ཁྲི་ལས་ནི་བཞི
71b3 སྟོང་ལྷག་པ་ལ། །བདག་གི་ལུས་ནི་རབ་ཏུ་བསྐམས་པར་བྱས། །བསྐལ་པ་གཅིག་ལ་འདྲེན་པ་མཉེས་བྱས་ཏེ། །བདག་གིས་བྱང་ཆུབ་སེམས་དཔའ་ཕྱིར་བསྙིལ་ཏེ། །བརྩོན་འགྲུས
71b4 བརྩམས་པའི་ལེའུ་སྟེ། ལྔ་པའོ།། །།དེ་ནས་ཚངས་པ་ཆེན་པོ་སྙིང་རྗེ་ཆེན་པོ་སེམས་དཔས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི
71b5 སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་དེ་དག་གང་གི་ཚིག་བླ་དྭགས་ལགས།
71b6 དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཐོས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ། སངས་རྒྱས་ཀྱི་ཆོས་རྣམས་སངས
71b7 རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་ཚིག་བླ་དྭགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ། དེ་བཞིན་གཤེགས་པས་ཡོངས




iiif viewer powered by OpenSeadragon

71a - 72a

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo