e-texts navigator
Collection
Volume
Page
Wylie

5a1 ག་ཨར་ངེས་པ་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི
5a2 ས་ཏོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོག་ཏུ་སའི་སྟེང་ནས་བཟུང་བ་ཡན་ཆད་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལ་ཐུག་པའི་བར་ཆུ་ས་ཡོངས་སུ་གང་བའི་རྒྱ
5a3 མཚོ་གཅིག་ལྟར་ཀུན་ཏུ་སྣང་སྟེ། འདི་ལྟ་སྟེ། དཔེར་ན། སྲེག་པའི་བསྐལ་པ་འདས་ནས་ཆགས་པ་འབྱུང་བའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི
5a4 ཐམས་ཅད་ཆུས་ཡོངས་སུ་གང་བར་འགྱུར་ཏེ། ཆུའི་དཀྱིལ་འཁོར་གྱིས་ཡོངས་སུ་འཁོར་བ་དེ་བཞིན་དུ། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས
5a5 ཅད་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུར་གནས་པར་ཀུན་ཏུ་སྣང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གྲོང་དང་། གྲོང་ཁྱེར་དང་། གྲོང
5a6 རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལའང་སྒྲིབ་པ་མེད་པར་ཀུན་ཏུ་སྣང་ངོ་། །ཛམྦུའི་གླིང་རྣམས་དང་། གླིང་བཞི་པ་ཆེན་པོ
5a7 རྣམས་དང་། རྒྱ་མཚོ་ཆེན་པོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལའང་སྔོན་ཇི་ལྟར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅིའང་མེད་པར




iiif viewer powered by OpenSeadragon

4b - 5b

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo