| | e-texts navigator
|
56b1 སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་གཡེལ་ན། དེ་མྱུར་དུ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ། ཁྱོད་ཀྱིས་རྣམ་གྲངས་འདིས
56b2 འདི་ལྟར་རིག་པར་བྱ་སྟེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དེ
56b3 ལྟ་དེ་ལྟར་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། གལ་ཏེ་དེ་ལྟ་བུ་ཐོས་ནས་མི་སྐྲག་ན། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར
56b4 ན|་སྤྲུལ་གདུག་པའི་ཕྲུག་གུ་ནི། གྲོགས་མི་དགོས་པར་ཟའོ། །ཤཱ་ར་དྭ་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པའང་གྲོགས་མི་དགོས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས
56b5 ཡང་དག་པར་སྡུད་དེ། གཅིག་པུ་གཉིས་སུ་མེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དོ། །ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། སྲིན་བུ་མེ་ཁྱེར་བརྒྱ་སྟོང་གིས་ཀྱང
56b6 ཉི་མའི་འོད་ཟིལ་གྱིས་གནོན་མི་ནུས་སོ། །ཤཱ་ར་དྭ་ཏིའི་བུ། དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་འོད་ཟིལ་གྱིས་གནོན་མི་ནུས་སོ། །ཤཱ་ར་དྭ
56b7 ཏིའི་བུ|་འདི་ལྟ་སྟེ། དཔེར་ན། དུག་གི་གཉེན་པོ་ནད་མེད་པར་བྱེད་པ་ཆུང་དུས་ཀྱང་དུག་ཤིན་ཏུ་མང་པོ་ཞི་བར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས
iiif viewer powered by OpenSeadragon
56a - 57a